འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་དང་ནང་སའི་དབར་ཡུལ་སྐོར་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གྲོས་མཐུན་
    ལ་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་པེ་ཅིང་དུ་《ནང་ས་དང་ཤང་ཀང་དབར་གྱི་ཡུལ་སྐོར་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གྲོས་མཐུན་》ལ་མིང་རྟགས་བཀོད་དེ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐད་ཕྱོགས་གཉིས་པོའི་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་དང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་དང་འབྲེལ་བདེན་དཔང་ཡང་བྱས་པ་རེད།
         གྲོས་མཐུན་ནང་བཀོད་སྒྲིག་བྱས་པ་གཞིར་བཟུང་། ཕྱོགས་གཉིས་པོས་མཉམ་འབྲེལ་ཐོག“མཚོ་ཐོག་གི་དར་གོས་ལམ་བུའི”ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་ཡུལ་སྐོར་ཁྲོམ་རའི་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་མཉམ་དུ་སྤེལ་བ་དང་། སྦྲག་ཟམ་གྲུ་གཟིངས་ཀྱི་ཡུལ་སྐོར་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་སྦྲག་ཟམ་གྲུ་གཟིངས་ཀྱི་གྲུ་ཁའི་དབར་གྱི་གཉིས་ཁེ་དང་མཐུན་སྦྱོར་ལ་རྒྱབ་སྐྱོར་བྱས་ཏེ་སྦྲག་ཟམ་གྲུ་གཟིངས་ཀྱི་ཡུལ་སྐོར་ལམ་ཐིག་གསར་སྤེལ་དང་དྲིལ་བསྒྲགས་ཁྱབ་གདལ། ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་ཡིན་པ་རེད།
         ཕྱོགས་གཉིས་པོས་ད་དུང་ཡུལ་སྐོར་གྱི་ལྟ་སྐུལ་དོ་དམ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ལུགས་དང་མི་མཐུན་པ་དང་རིན་གོང་དམའ་བའི་སྒོ་ནས་སྒྲིག་འཛུགས་བྱས་པའི་ཚོགས་པའི་ཡུལ་སྐོར་དང་དེ་བཞིན་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་གཞན་དག་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་རྒྱུ་དང་། ནང་ས་དང་ཤང་ཀང་གི་ཡུལ་སྐོར་ཁྲོམ་ར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། 《དེ་བས་ཟབ་པའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ནང་ས་དང་ཤང་ཀང་གི་བཀོད་སྒྲིག་》གི་སྒྲོམ་གཞིའི་འོག་ཤང་ཀང་གི་མ་རྩ་ཁེར་འཇོག་གི་ཡུལ་སྐོར་ལས་དོན་ཁང་གིས་ནང་སའི་གྲོང་མི་ཚོགས་པ་རྒྱལ་མཚམས་ནས་ཐོན་པའི་ཡུལ་སྐོར་ལས་སྒོ་གཉེར་རྒྱ་རིམ་བཞིན་ཆེ་རུ་གཏོང་རྒྱུ། དེ་བཞིན་དུས་བཀག་ལྟར་འབྲེལ་གཏུག་མཐུན་སྦྱོར་གྱི་ལམ་སྲོལ་བཙུགས་ཏེ་ས་ཁོངས་ཀྱི་ཡུལ་སྐོར་མཉམ་ལས་དང་ལྟ་སྐུལ་དོ་དམ་སོགས་གྲོས་གཞིར་ཞིབ་འཇུག་དང་གྲོས་མོལ་བྱ་རྒྱུ་སོགས་གསལ་པོ་སྟོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།