འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་སྲིད་པུའུ་དང་དམངས་སྲིད་པུས་གཟི་ཚྭ་སྡེ་དགུའི་ས་ཡོམ་རིམ་པ་7.0སོགས་ཀྱི་གནོད་
    འཚེར་དམིགས་ནས་ཀྲུང་དབྱང་གི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། ནོར་སྲིད་པུའུ་དང་དམངས་སྲིད་པུས་སི་ཁྲོན་ཞིང་ཆེན་ལ་ཀྲུང་དབྱང་ནོར་སྲིད་ཀྱི་རང་བྱུང་གནོད་འཚེའི་འཚོ་བའི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1སྤྲད་དེ་གཙོ་བོ་སི་ཁྲོན་གྱི་གཟི་ཚྭ་སྡེ་དགུར་ས་ཡོམ་རིམ་པ་7.0བརྒྱབ་པ་དང་ལེའང་ཧྲན་ཀྲོའུ་ཕུ་ཀེ་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་དང་། སྐབས་འཕྲལ་གྱི་འཚོ་བའི་རོགས་སྐྱོབ། རྡིབ་སྐྱོན་ཤོར་བའི་མང་ཚོགས་ཀྱི་ཁང་པ་སླར་གསོ་བསྐྱར་བསྐྲུན། གནོད་འཚེས་རྐྱེན་པས་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་སེམས་གསོའི་དངུལ་སྤྲོད་པ་བཅས་ཀྱི་ཐད་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
         དེ་གོང་། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་དམངས་སྲིད་པུའུ་ཡིས་སི་ཁྲོན་གཟི་ཚྭ་སྡེ་དགུར་ས་ཡོམ་རིམ་པ་7.0བརྒྱབ་པར་དམིགས་ཏེ་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་གེགས་སེལ་འཕྲལ་སྡོམ་ཇུས་གཞི་ལག་ལེན་བསྟར་བ་དང་། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་བསྐྱོད་དེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།