འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་མོའི་རྣམ་གྲངས་ལ་འགན་བཅོལ་མ་དངུལ་སྒོར་དུང་
    ཕྱུར་150གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། ཧྭ་ཐའེ་འགན་བཅོལ་ཚོཌ་པ་དང་ཀྲུང་གོ་ཚོང་དོན་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིས་ཧྲང་ཧའེ་རུ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། གྲོས་མཐུན་གཞིར་བཟུང་། ཧྭ་ཐའེ་མ་རྩས་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་མོའི་རྣམ་གྲངས་ལ་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར་150གཏོང་རྒྱུ་ཡིན་པ་དང་། དེ་ནི་འགན་བཅོལ་མ་དངུལ་དང་ཀྲུང་གོ་ཚོང་དོན་གནམ་གྲུ་ཀུང་སི་མཉམ་ལས་བྱེད་ཐེངས་དང་པོ་དེ་རེད།
         ཧྭ་ཐའེ་འགན་བཅོལ་ཚོགས་པའི་ཏུང་ཧྲི་ཀྲང་ཝང་ཙི་མུས་འཐབ་ཇུས་མཉམ་ལས་ཀྱི་འགོ་ཚུགས་མཛད་སྒོར་འགན་བཅོལ་མ་དངུལ་གྱིས་གནམ་གྲུ་ཆེ་མོའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་སྟངས་ནི་དུས་འགྱངས་བྱེད་ཆོག་པའི་བུན་དབང་མ་འཇོག་གི་འཆར་གཞི་ཞིག་ཡིན། ཧྭ་ཐའེ་རྒྱུ་ནོར་གྱིས“ཧྭ་ཐའེ——ཀྲུང་གོ་ཚོང་དོན་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིའི་བུན་དབང་མ་འཇོག་གི་འཆར་གཞི”བཟོས་ནས་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་150དང་མ་འཇོག་དུས་ཚད་ལོ་10ཡིན་པས་དུས་ཚད་ཟིན་རྗེས་ཀྲུང་གོ་ཚོང་དོན་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིས་དུས་འགྱངས་བྱེད་ཆོག་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།