འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་བདེ་ཐང་དབུལ་སྐྱོར་འདུ་འགོད་ལག་ལེན་བསྟར་ནས་ནད་ཡོད་པའི་དུད་ཚང་
    དབུལ་པོ་ཁྲི་33དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་11ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་5ཉིན། ཡུན་ནན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ཞིབ་བསྡུར་བྱས་པ་བརྒྱུད་ཞིང་ཆེན་དེ་ཡོངས་ལ་ནད་ཡོད་པའི་དུད་ཚང་དབུལ་པོ་ཁྲི་33དང་མི་ཁྲི་44.82ཡོད་པའི་གཏན་འཁེལ་ཐུབ་ཡོད། ནད་ཡོད་པའི་དུད་ཚང་དབུལ་པོ་ཁྲི་33དེ་དག་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཆེད་ཡུན་ནན་གྱིས་བདེ་ཐང་དབུལ་སྐྱོར་གྱི་དམངས་ཕན་རྣམ་གྲངས་དོན་འཁྱོལ་བྱེད་མགྱོགས་སུ་བཏང་ནས་ནད་ཀྱིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་ཀྱིས་རྐྱེན་པས་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་ནུས་ལྡན་ངང་སྔོན་འགོག་བྱས་པ་རེད།
         ཡུན་ནན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ལི་མ་ལིན་གྱིས་ཡུན་ནན་གྱིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ནད་ཆེན་ཆེད་དོན་སྐྱོབ་བཅོས་ལས་ཀའི་ཇུས་གཞི་བཏོན་པ་དང་རིགས་9ཡི་ནད་རིགས་15ནད་ཆེན་སྐྱོབ་བཅོས་ཀྱི་ཁྱབ་ཁོངས་ནང་འཇུག་རྒྱུ་རེད། ནད་ཆེན་གཅིག་སྡུད་སྐྱོབ་བཅོས་ཁྱབ་ཚད་མི་ཁྲི་7.52ཟིན་པ་དང་མི་ཁྲི་4.29སྐྱོབ་བཅོས་ཟིན་པ་དང་། གཅོང་ནད་གན་འཇོག་ཞབས་ཞུ་ཁྱབ་ཚད་མི་ཁྲི་13.88ཟིན་པ་དང་མི་ཁྲི་5.39བདག་སྡོམ་ཟིན་པ། ནད་གཞི་ཆེན་པོའི་མཐའ་སྐྱོང་འགན་ལེན་ཁྱབ་ཚད་མི་6886ཟིན་པ་དང་མི་5260སྐྱོབ་བཅོས་ཟིན་པ། ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་བསྐྱར་དུ་དབུལ་པོར་འགྱུར་བའི་མི་ཁྲི་25.9སྐྱོབ་བཅོས་བྱས་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོར་འགྱུར་པ་དང་བསྐྱར་དུ་དབུལ་པོར་གྱུར་བའི་དུད་ཚང་ཁྲི་6.69ཉུང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         མིག་སྔར་ཡུན་ནན་ཞིང་ཆེན་གྱིས་རྫོང་ཁོངས་ནང་གི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་གྲོང་གསེབ་ཀྱི་ཞག་སྡོད་སྨན་བཅོས་ནད་པ་དབུལ་པོར“སྔོན་ལ་སྨན་བཅོས་དང་དེ་རྗེས་སྨན་རིན་སྤྲོད་པའི”སྨན་བཅོས་ཞབས་ཞུ་བྱེད་སྟངས་ལག་ལེན་བསྟར་བ་དང“ཁང་གཅིག་གིས་བདག་སྤྲོད་བྱས་ན་ཚང་མས་གཞོགས་འདེགས་མཉམ་སྒྲུབ་བྱེད་པའི”མཉམ་སྒུལ་ལས་ཀའི་ལམ་སྲོལ་བཙུགས་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། བདེ་ཐང་དབུལ་སྐྱོར་ཁ་གསབ་འགན་བཅོལ། སྨན་བཅོས་རོགས་སྐྱོབ་ཀྱི“གཅིག་འཐུས་རྣམ་པའི”ཆ་འཕྲིན་འབྲེལ་མཐུད་དང་འཕྲལ་དུ་རྩིས་རྒྱག་ཐུབ་ནས་རྫོང་ཁོངས་ནང་སྐྱོབ་བཅོས་བྱེད་ཚད་92.12%ཟིན་ཡོད་པ་རེད།
          འདི་ལོ་ཚུན་ཡུན་ནན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་རྣམ་གྲངས་69བརྩོན་ལེན་བྱས་པ་དང་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་12.69བཏང་སྟེ་རྫོང་རིམ་པའི་སྨན་ཁང་100དང་བུད་མེད་དང་བྱིས་པའི་སྨན་ཁང་7གྱི་འཕྲོད་བསྟེན་སྟོང་ཆ་གསབ་པའི་རྣམ་གྲངས་ལག་ལེན་བསྟར་བ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ལྟེ་གནས་སྨན་ཁང་གི་ནུས་པ་ཆེ་རུ་གཏོང་བ་དང་། “ཤང་ཚང་མར་ཤར་གཏོང་ཐུབ་པའི”རྒྱང་རིང་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་100ཡི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་འདུ་འགོད་ལག་ལེན་བསྟར་བ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཚད་གཞི་ལོན་ཚད་95%དང་93%སོ་སོར་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།