འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མ་འཇོག་སྒོར་དུང་ཕྱུར་ཆིག་སྟོང་ལྷག་ཙམ་ཟིན་ནས་རང་རྒྱལ་གྱི"ཡུལ་སྐོར+"་འཕེལ་རྒྱས་
    བཀོད་པ་རགས་ཙམ་ཆགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 12:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་7ཉིན། “ཡ་རྫི་གཞོན་ནུའི་བུམ་པ”ཀྲུང་གོ·མཚོ་སྔོན(ཡ་རྫི)རྒྱལ་སྤྱིའི་རྨ་ཆུ་བརྒལ་བའི་དཀའ་གནད་ཆེ་ཤོས་ལ་འགྲན་སློང་བྱེད་པའི་འགྲན་བསྡུར་སྐབས་བཅུ་གསུམ་པ་ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་དུ་གཉེར་ནས་རྣམ་ཀུན་ཁ་ཁུ་སིམ་པའི་རྫོང་གྲོང་དེ་འཁྲུག་ཆ་དོད་པོར་གྱུར་ཡོད། ལོ་ལྟར་འགྲན་བསྡུར་དེ་དག་གཉེར་ནས་ཡ་རྫིར་ཡུལ་སྐོར་བ་མི་ཐེངས་ཁྲི་150ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་རྫོང་དེ་ཡོངས་ཀྱི་མི་5000ལྷག་ཙམ་ཐད་ཀར་རམ་བར་བརྒྱུད་སྒོ་ནས་ཡུལ་སྐོར་ལས་རིགས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ལོ་ལྟར་ཡོང་འབབ་སྒོར་དུང་ཕྱུར་10ཙམ་ཟིན་གྱི་ཡོད་པ་རེད།
         རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་《2017ལོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་སྙན་ཞུའི་》ནང་ལོ་གཉིས་རིང་ཐོན་རྫས་གཏོད་རྒྱུ་དེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་གསར་པ་དང་བར་སྟོངས་གསར་པར་འགྱུར་བ་དང་སྒོ་དབྱེའི“ཡུལ་སྐོར+”ཀྱི་འཕེལ་རྒྱས་བཀོད་པ་རགས་ཙམ་ཆགས་ཡོད། ས་གནས་ཁག་གིས་ཁྱད་ལྡན་བཟའ་བཏུང་དང་། བརྗོད་དོན་གཙོ་བོའི་ཨར་ཁང་། ཡུལ་སྐོར་ཞག་སྡོད། ཁང་འཁོར་སྒར་ས། རིག་གནས་ཉམས་ལེན་ཐོན་རྫས་སོགས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བར་ལོ་གཉིས་རིང་རིམ་རྩིས་བརྒྱབ་ན་མ་འཇོག་སྒོར་དུང་ཕྱུར་1000ལྷག་ཙམ་བྱས་ཡོད་ཅེས་བསྟན་པ་རེད།
         མིག་སྔའི་བར་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁག་གཉིས་ཀྱི་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་ཚན་པ་500ལ་ཆོག་མཆན་སྤྲད་པ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ལ་ཁྱབ་པ་དང་རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་ཁྲི་180ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།