འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེན་ཅིན་གྱི་ཆུས་16གིས་ཀན་སུའུ་ཡི་རྫོང་དབུལ་པོ་25དང་ཆ་སྒྲིག་བྱས་ནས་མཉམ་དུ་
    འབྱོར་འབྲིང་ཕྱོགས་སུ་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། ཀན་སུའུ་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་གྱི་མཉམ་ལས་སྤེལ་རེས་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལ་ཤུགས་སྣོན་རྒྱག་པ། ཁ་གཏད་རོགས་སྐྱོར་ལས་དོན་བཅས་ཀྱི་བཞུགས་མོལ་ཚོགས་འདུ་ཀན་སུའུ་ལན་ཀྲོའུ་རུ་འཚོགས་ནས་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་སོགས་ལས་དོན་ཐད་ཕྱོགས་གཉིས་དབར་སྤེལ་རེས་གཏིང་ཟབ་བྱས་ཤིང་། མིག་སྔར། ཐེན་ཅིན་གྲོང་ཁྱེར་གྱི་ཆུས་16གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སོགས་གྲོང་ཁྱེར་དང་ཀྲོའུ་7གྱི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གཙོ་གནད་ལས་དོན་རྫོང་25དང་ཆ་སྒྲིག་འབྲེལ་བ་བཙུགས་ཏེ་དབུལ་སྐྱོར་རོགས་ལས་བྱས་ཏེ་ཐེན་ཅིན་དང་ཀན་སུའུ་གཉིས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་རེད།
         གསར་འགོད་པར་ཤེས་རྟོགས་བྱུང་བར་ལྟར་ན། ཆ་སྒྲིག་རོགས་སྐྱོར་བྱས་པ་ནས་བཟུང་། ལོ་མང་རིང་ཐེན་ཅིན་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཀན་སུའུ་ཞིང་ཆེན་ལ་མ་དངུལ་སྒོར་དུང་ཕྱུར་8.72རོགས་སྐྱོར་བྱས་ཏེ་དབུལ་སྐྱོར་རྣམ་གྲངས་588ལག་བསྟར་བྱས་ཤིང་། མིག་སྔར་ཀན་སུའུ་དང་ཐེན་ཅིན་གྱི་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་མཉམ་ལས་སོགས་ཕྱོགས་མང་པོར་དབུལ་སྐྱོར་རོགས་ལས་བྱས་ཡོད་པ་རེད།
         ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་གཞི་རྩའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་ཐེན་ཅིན་གྲོང་ཁྱེར་གྱིས་ཀན་སུའུ་ཡི་གྲོང་སྡེ་20ལྷག་ཙམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་ཚོའི་གཞུང་ལམ་མཁྲེགས་འགྱུར་དང་། འབྲུབ་འགོག་ཆུ་རགས། རང་བྱུང་གྲོང་ཚོའི་གཞུང་ལམ། འབྲོག་པ་གཞིས་ཆགས། ཉེན་ཁང་སྒྱུར་བཀོད། ཞིང་ཆུ་འདྲེན་ཁུལ་གྱི་ལེ་ལག་ཚང་སྒྲིག་སོགས་ལས་གྲྭ་100ལྷག་ཙམ་ལག་བསྟར་བྱས་པས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ཏེ་ཀན་སུའུ་ཞིང་ཆེན་གྱི་གནད་སྨིན་དབུལ་སྐྱོར་གྱི་ངལ་རྩོལ་ནུས་ཤུགས་ལ་གསོ་སྦྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་དངུལ་རྩས་དབུལ་སྐྱོར་དང་དྲ་ཐོག་ཚོང་ཁང་གིས་དབུལ་སྐྱོར་བཅས་བྱེད་པའི་འདུ་འགོད་ལག་བསྟར་བྱས་སྟབས་མི་འབོར་དབུལ་པོའི་གསར་གཏོད་ལས་གཏོད་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།
         “མཁྲེགས་ཆས་སྒྲིག་བཀོད”ཕུད། ཐེན་ཅིན་དང་ཀན་སུའུ་ཡིས་ཤེས་ལྡན་པ་གསོ་སྦྱོང་སོགས་ཕྱོགས་མང་པོའི་ཐད་དབུལ་སྐྱོར་རོགས་ལས་བྱས་ཤིང་། འདས་ཟིན་པའི་ལོ་ཁ་ཤས་ནང་། ཐེན་ཅིན་གྲོང་ཁྱེར་གྱིས་ཏང་སྲིད་ལས་བྱེད་པ་42སྔ་རྗེས་སུ་ཀན་སུའུ་རུ་འདེམས་གཏོང་བྱས་པ་དང་། ཀན་སུའུ་ཞིང་ཆེན་གྱི་ཁོའོ་རིམ་པ་ཡན་གྱི་ལས་བྱེད་པ་200ལྷག་ཙམ་ཐེན་ཅིན་དུ་གནས་སྦྱར་སྦྱོང་བརྡར་བྱས་ཤིང་། རིམ་རྩིས་བྱས་ན། ཐེན་ཅིན་དུ་ཀན་སུའུ་ཡི་རིགས་ཁག་གི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་ཐེངས་ཁྲི་1ལྷག་ཙམ་གསོ་སྦྱོང་བྱས་ཡོད་པ་རེད། “ཀན་སུའུ་བོད་རིགས་ས་ཁུལ་དུ་ཁ་གཏད་རོགས་སྐྱོར་གྱི་གནས་གཏན་འཁེལ་གྱི་གསོ་རིག་དངོས་གཞིའི་ཚན་ཁག་སློབ་མའི་རིན་མེད་གསོ་སྦྱོང”རྣམ་གྲངས་ལག་བསྟར་བྱས་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི་6000བཀོད་སྒྲིག་བྱས་པ་དང་། ལོ་3ནས་5ནང་ཚུན་དུ་ཀན་སུའུ་བོད་རིགས་ས་ཁུལ་ནས་གནས་གཏན་འཁེལ་གྱི་གསོ་རིག་དངོས་གཞིའི་ཚན་ཁག་གི་སློབ་མ་500བསྡུ་རྒྱུ་ཡིན་པའི་ནང་མིག་སྔར་སློབ་མ་306བསྡུས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།