འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཀོང་ཏུང་ལིན་ཨའོ་ཉིང་རྡུལ་གློག་ཁང་དང་པོའི་འཕྲུལ་ཙུའུ་བདེ་འཇགས་འཁོར་
    སྐྱོད་བྱེད་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་7ཉིན་ནི་ཏ་ཡ་དབན་ཉིང་རྡུལ་གློག་ཁང་སྐྲུན་འགོ་ཚུགས་ནས་ལོ་30འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པ་རེད། གསར་འགོད་པས་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཧྲེན་ཀྲེན་ཏ་ཡ་དབན་ཉིང་རྡུལ་གློག་རྟེན་གཞིར་ཡོད་པའི་ལིན་ཨའོ་ཉིང་རྡུལ་གློག་ཁང་དང་པོའི་འཕྲུལ་ཙུའུ་2005ལོའི་ཟླ་3ཚེས་26་ནས་བཟུང་། ལོ་12ཡན་བསྟུད་མར་འཆར་གཞི་མེད་པའི་ངང་འཕྲུལ་ཙུའུ་སྤྱོད་མཚམས་འཇོག་དང་ཉིང་རྡུལ་འགྱུར་ཕུང་མཚམས་འཇོག་བྱེད་མྱོང་མེད་པ་དང་། 2017ལོའི་ཟླ་8ཚེས་7ཉིན་བར་བདེ་འཇགས་འཁོར་སྐྱོད་ཉིན་གྲངས་4146ཟིན་ནས་བསྟུད་མར་བདེ་འཇགས་འཁོར་སྐྱོད་ཉིན་གྲངས་རྒྱལ་སྤྱིའི་འཕྲུལ་ཙུའུ་རིགས་གཅིག་པའི་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།