འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞིང་ཆུ་སྤྱོད་མཁས་མུ་མཐུད་རྒྱ་ཆེར་བཏང་ནས་ཆུ་གྲོན་ཆུང་གི་ཞིང་ལས་ལ་སྐུལ་
    འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཤིན་ཅང་ཧྲེ་ཧོ་ཙེ་རུ་གཉེར་བའི་རྒྱལ་ཡོངས་ཀྱི་ཞིང་ཆུ་སྤྱོད་མཁས་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་ཞིང་ཆུ་གྲོན་ཆུང་གི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དེས་ཞིང་ཆུ་གྲོན་ཆུང་གི་ཞིང་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་བཞིན་ཡོད་པ་རེད།
         ཀྲུང་གོ་ཞིང་ཆུ་འདྲེན་གཤོངས་འཕེལ་རྒྱས་ལྟེ་གནས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཝུའུ་ཡུས་ཆིན་གྱིས་མིག་སྔའི་བར་རང་རྒྱལ་དུ་ཞིང་ཆུ་སྤྱོད་མཁས་པའི་ལག་རྩལ་སྤྱོད་བཞིན་པའི་ཞིང་ཁའི་གཞི་ཁྱོན་མུའུ་ཁྲི་8000ལྷག་ཙམ་ཟིན་པའི་ནང་ཤིན་ཅང་དུ་བཀོལ་སྤྱོད་བྱེད་པའི་གཞི་ཁྱོན་མུའུ་ཁྲི་5000(ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་མུའུ་ཁྲི་1500ཚུད་པ)ཟིན་གྱི་ཡོད་པ་རེད།
         འཆར་འགོད་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཡོངས་སུ་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་པའི་ལག་རྩལ་ཁྱབ་གདལ་བཏང་ནས་ལས་གྲྭའི་ཆུ་གྲོན་ཆུང་དང་། རིགས་མི་འདྲ་བར་སྤྱོད་པའི་ཆུ་གྲོན་ཆུང་། ཞིང་ལས་དང་ལྡུམ་རར་སྤྱོད་པའི་ཆུ་གྲོན་ཆུང་། ཆུ་གྲོན་ཆུང་གི་དོ་དམ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། བྱང་ཤར་རྒྱུད་དུ་ཞིང་ཆུ་གྲོན་ཆུང་བྱས་ནས་ཐོན་འཕར་ཡོང་བ་དང་། ནུབ་བྱང་རྒྱུད་དུ་ཞིང་ཆུ་གྲོན་ཆུང་གིས་ཕན་འབྲས་ཐོན་པ་བྱེད་པ། ཀྲུང་གོའི་བྱང་རྒྱུད་དུ་ཆུ་གྲོན་ཆུང་གིས་ཆུའི་ཐོན་ཁུངས་ལུགས་མཐུན་བེད་སྤྱོད། ལྷོ་ཕྱོགས་རྒྱུད་དུ་ཆུ་གྲོན་ཆུང་གིས་བཙོག་འབུད་ཉུང་གཏོང་སོགས་ཁྱབ་ཁོངས་སུ་གཞི་ཁྱོན་ཅན་གྱི་ཕན་འབྲས་ཆེ་བའི་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་གཏོང་ལས་གྲྭ་ལག་བསྟར་མགྱོགས་མྱུར་བྱ་རྒྱུ་ཡིན་པ་རེད།
         2020ལོར་རང་རྒྱལ་གྱིས་ཞིང་ལས་ཀྱི་ཆུ་གྲོན་ཆུང་མ་ལག་ཐོག་མར་བཏོད་ནས་ནུས་མཐོའི་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཚད་30%ཡན་ཟིན་པ་བྱ་རྒྱུ་དང་། ནུས་མཐོའི་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཚད་རྒྱ་ཁྱོན་མུའུ་དུང་ཕྱུར་1གསར་སྣོན་བྱ་རྒྱུ་དང་ཞིང་ཁར་ཆུ་འདྲེན་དང་ཆུ་བདེ་སྤྱོད་བྱེད་པའི་སྟོན་གྲངས་0.55ཡན་མཐོ་རུ་འགྲོ་བ་བཅས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།