འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི་ཁག་བཞི་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་7ཉིན། གསར་འགོད་པས་ཁོར་ཡུག་སྲུང་སྐྱོང་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་གི་ཁག་བཞི་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་པ་དང་། ལྟ་ཞིབ་ཚོགས་ཆུང་8ཀྱིས་ཟླ་8ཚེས་7ནས་15ཉིན་བར། སྔ་རྗེས་སུ་ཅི་ལིན་དང་། ཀྲེ་ཅང་། ཧྲན་ཏུང་། ཧའེ་ནན། སི་ཁྲོན། བོད་ལྗོངས། མཚོ་སྔོན། ཤིན་ཅང་(ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཚུད་པ་)བཅས་སུ་བཅའ་སྡོད་བྱས་ནས་ལྟ་ཞིབ་ལས་དོན་སྤེལ་ནས། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ཏུ་ལྟ་ཞིབ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཡིན་པ་རེད།
         ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་མཛུབ་ཁྲིད་དགོངས་དོན་དང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཚུལ་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་ལས་དོན་ལ་སྐུལ་འདེད་གཏོང་ཚུལ། ས་ཁུལ་དང་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལག་བསྟར་བྱ་ཚུལ་བཅས་ལ་གཙོ་གནད་ཐོག་ལྟ་ཞིབ་བྱ་རྒྱུ་དང་། ཀྲུང་དབྱང་གི་ཚད་མཐོའི་དོ་ཁུར་དང་། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་དྲག་པོ། སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཅས་ཀྱི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་དང་དེ་བཞིན་ཐག་གཅོད་བྱ་ཚུལ་ལ་གཙོ་གནད་ཐོག་དམིགས་རྒྱུ། ཁོར་ཡུག་གི་སྤུས་ཚད་ཇེ་ཞན་དུ་སོང་བའི་ས་ཁོངས་དང་དེ་ཉིད་བཅོས་སྒྲིག་བྱ་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ། མི་དམངས་མང་ཚོགས་ཀྱིས་ཚུར་སྣང་ལན་ཆ་ཆེ་བའི་ཁོར་ཡུག་གི་གནད་དོན་འཕྲལ་དུ་ལག་བསྟར་དང་འཕྲལ་དུ་བཅོས་སྒྲིག་བྱ་ཚུལ་གཙོ་གནད་ཐོག་ལྟ་སྐུལ་བྱ་རྒྱུ། ས་གནས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཁོར་ཡུག་སྲུང་སྐྱོང་ཐད་འགན་མི་འཁུར་བ་དང་རང་སྣང་གང་ཤར་བྱེད་པའི་གནས་ཚུལ་ལ་གཙོ་གནད་ཐོག་ལྟ་ཞིབ་བྱ་རྒྱུ། ས་གནས་ཀྱིས་ཁོར་ཡུག་སྲུང་སྐྱོང་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འགན་འཁྲི་རྩད་གཅོད་ནན་པོ་བཅས་ཀྱི་ལས་དོན་སྤེལ་ཚུལ་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་བཅས་རེད།
         ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བཅའ་སྡོད་བྱེད་པའི་དུས་ཚོད་ནི་ཟླ་གཅིག་ཙམ་ཡིན་ཞིང་། བཅའ་སྡོད་བྱེད་རིང་ལྟ་ཞིབ་ཚོགས་ཆུང་ཁག་གིས་ཆེད་དོན་ལས་རེས་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་ནས་ལྟ་ཞིབ་བྱ་ཡུལ་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་ཐད་བསྐུར་བའི་འཕྲིན་ཡིག་དང་ཐེར་འདོན་ཁ་པར་བདག་སྤྲོད་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།