འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ནགས་ལས་ཀྱི་སྤྱིའི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་
    3000ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་7ཉིན། སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་གིས་ཕྱི་ཕྱོགས་སུ་2016ལོའི་སི་ཁྲོན་ཞིང་ཆེན་ནགས་ལས་ཐོན་ཁུངས་དང་ཕན་འབྲས་ལྟ་ཞིབ་ཚད་ལེན་གྱི་ལོ་འཁོར་མོའི་སྙན་ཞུ་ཡོངས་བསྒྲགས་བྱས་ཤིང་། སི་ཁྲོན་ནགས་ལས་ཐོན་ལས་ཀྱི་སྤྱིའི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000ལས་བརྒལ་ཐེངས་དང་པོ་ཡིན་པ་རེད། 2016ལོའི་ལོ་མཇུག་བར་སི་ཁྲོན་ནགས་ཚལ་གྱི་གཞི་ཁྱོན་སྤྱི་ཆིང་ཁྲི་1792.75ཟིན་པ་དང་ནགས་ཚལ་ཁྱབ་ཚད་36.88%དུ་འཕར་ཡོད་པ་རེད།
         སྙན་ཞུ་ལས་མངོན་པར། ནགས་ལས་ཀྱི་གཙོ་གནད་སྣོད་བཅུད་འདུ་འགོད་དང་དམངས་འཚོའི་འདུ་འགོད་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། ནགས་ས་དང་། ནགས་ཚལ། འདམ་ར་བཅས་སྲུང་སྐྱོང་དོ་དམ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། བྱེ་མར་འགྱུར་བ་དང་བྱེ་རྡོ་ཅན་དུ་འགྱུར་རིགས་བཅོས་སྐྱོང་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ། སི་ཁྲོན་ནགས་ཚལ་ཐོན་ཁུངས་ཀྱི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་དང་སྣོད་བཅུད་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།
         2016ལོའི་ལོ་མཇུག་བར་སི་ཁྲོན་ནགས་ཚལ་གྱི་གཞི་ཁྱོན་སྤྱི་ཆིང་ཁྲི་1792.75དང་ནགས་ཚལ་འདུས་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་17.53ཟིན་པ་དེ་ལོ་གོང་མ་ལས་སྤྱི་ཆིང་ཁྲི་41.96དང་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1970སོ་སོར་མང་དུ་ཕྱིན་པ་དང་། ནགས་ཚལ་ཁྱབ་ཚད་36.88%དུ་འཕར་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.86འཕར་བ་རེད།
         2016ལོར་སི་ཁྲོན་ནགས་ལས་ཐོན་ལས་ཀྱི་སྤྱིའི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3060.2ཟིན་ནས་སྒོར་དུང་ཕྱུར་3000གི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་395.9ཡིས་མང་དུ་ཕྱིན་པ་དང་14.86%འཕར་ཡོད། སི་ཁྲོན་ནགས་ལས་ཀྱིས་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་268བཏང་བ་དེ་དུས་མཚུངས་ལས་19%འཕར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།