འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སྦྲང་གསོའི་ལག་རྩལ་གསར་པ་ལས་ཧི་མ་ལ་ཡའི་རི་རྒྱུད་ དབུལ་སྒྲོལ་འགག་སྒྲོལ་ཡོང་བར་
    སྣེ་ཁྲིད་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྦྲང་གསོའི་ལག་རྩལ་གསར་པ་ལས་ཧི་མ་ལ་ཡའི་རི་རྒྱུད་དབུལ་སྒྲོལ་འགག་སྒྲོལ་ཡོང་བར་སྣེ་ཁྲིད་ཐུབ་ཡོད། ཀྲུང་གོ་ཐོན་སློབ་ཞིབ་གསུམ་མ་འཇོག་དང་མ་རྩ་མཉམ་འདུའི་མནའ་འབྲེལ་འགན་འཁུར་བ་དང་། བོད་སྐྱོར་ལས་བྱེད་པ། བོད་ལྗོངས་ཁ་བཏགས་ལུང་ཤུར་སྦྲང་ལས་CEO ཡུན་ནན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་བཅས་མི་རིང་བའི་གོང་བོད་ལྗོངས་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་དུ་བསྐྱོད་དེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་ཚོར་སྦྲང་གསོའི་ལག་རྩལ་གསར་པ་དང་སྦྲང་སྒམ་གསར་པ་བེད་སྤྱོད་ཀྱི་གསོ་སྦྱོང་བྱེད་འགོ་ཚུགས་པ་རེད།
         གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཚོ་རྨོག་ཤོད་དང་། ཆུ་ཚན་ཁ། བྱིས་གྲོངས་ཤང་བཅས་ནས་ཡོང་བའི་སྦྲང་གསོའི་དུད་ཚང་བརྒྱ་ཙམ་ཡོད་པ་ཕུད་ད་དུང་གྲོང་གསེབ་ཀྱི་ཏང་སྲིད་ལས་བྱེད་པའང་ཡོད། ཁོང་ཚོ་ཐོན་ལས་དབུལ་སྐྱོར་དང་རྒྱུན་བསྲིང་འཕེལ་རྒྱས་ཐད་ལག་རྩལ་དང་ལས་སྒོའི་སྣེ་ཁྲིད་པར་འགྱུར་རྒྱུ་དང་ཞིང་དུད་ཀྱི་སྣེ་འཁྲིད་དེ་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱ་རྒྱུ་རེད།
         ཧི་མ་ལ་ཡའི་རི་རྒྱུད་ནི་དག་པའི་ཞིང་ཁམས་ཡིན་ཞིང་། ས་ཁོངས་དེའི་ཁྲོད་སྦྲང་རྩིའི་འབྱུང་ཁུངས་ཀྱི་རྩི་ཤིང་རིགས་5000ལྷག་ཙམ་ཡོད་པ་དེས་གོ་ལ་ཧྲིལ་པོའི་སྦྲང་རྩིའི་འབྱུང་ཁུངས་རྩི་ཤིང་རིགས་ཀྱི་སྣ་ཁ་ཕྱེད་ཀ་ཡན་བཟུང་བས་རིག་གཞུང་ལས་རིགས་ཀྱིས་དེར་འཛམ་གླིང་གི་རི་མཐོའི་མེ་ཏོག་ལྡུམ་ར་ཞེས་བརྗོད་ཀྱི་ཡོད། ཧི་མ་ལ་ཡའི་རི་རྒྱུད་དུ་སྦྲང་གསོའི་སྲོལ་རྒྱུན་ཐོག་མཐའ་བར་གསུམ་དུ་གནས་ཡོད། ཡུལ་མི་ཚོས་ཁང་པའི་རྒྱབ་མདུན་གང་སར་སྦྲང་རྩི་གསོག་སྣོད་འགའ་ཤས་བཞག་ནས་ལོ་ལྟར་རང་ཉིད་ལ་མཁོ་བའམ་ཡང་ན་གྲོགས་པོར་སྤྲོད་པའི་སྦྲང་རྩི་ཁག་གཅིག་གསོག་གི་ཡོད། གསོ་ཚགས་བྱ་ཐབས་སྲོལ་རྒྱུན་དང་རགས་ལས་ཡིན་པའི་དབང་གིས་སྤུས་ཀའི་ཚད་གཞི་གཅིག་གྱུར་མེད།
         ཁ་བཏགས་ལུང་ཤུར་སྦྲང་ལས་ཀྱིས་ཧི་མ་ལ་ཡའི་ས་ཁུལ་དུ་གསར་གཏོད་བྱས་པའི་སྦྲང་ནོར་བུ་གསོ་ཚགས་བརྒྱུད་རིམ་ལ་ཡོ་རོབ་མནའ་འབྲེལ་དང་དེ་བཞིན་ཨ་རིའི་ཁས་ལེན་ནུས་ལྡན་ཐོབ་པ་དང་སྦྲགས་ཁེ་བེད་བདག་ཐོབ་མང་པོ་རག་ཡོད། ཚད་ལྡན་ཅན་གྱི་སྦྲང་ནོར་བུ་གསོ་ཚགས་བྱ་ཐབས་ཀྱིས་ཞིང་པའི་སྦྲང་ནོར་བུ་གསོ་ཚགས་ནུས་ལྡན་བྱ་རྒྱུར་རོགས་རམ་ཐུབ་པ་མ་ཟད། ཐོན་ཚད་མང་དུ་གཏོང་བ་དང་དེ་བཞིན་དེ་ལས་ཐོན་པའི་སྦྲང་རྩི་དེ་ཁེ་ལས་ཀྱི་ཚད་གཞི་ནན་པོ་དང་མཐུན་པའི་འགན་ལེན་བྱེད་ཀྱི་ཡོད། ཡུལ་མིས་གསོ་ཚགས་བྱེད་པའི་སྦྲང་ཚང་ནས་ཐོན་པའི་ཚད་ལྡན་གྱི་སྦྲང་རྩི་རྣམས་ཁ་བཏགས་ལུང་ཤུར་སྦྲང་ལས་ཀྱིས་ཁྲོམ་རའི་སྦྲང་རྩིའི་རིན་གོང་དཀྱུས་མ་ལས་མཐོ་བའི་སྒོ་ནས་ཞིང་པའི་ས་ནས་ཉོས་པས་ཞིང་པར་ཡོང་འབབ་བརྟན་པོ་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།