འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཐི་རོམ་ཕུ་ཡིས་ཨུ་རུ་སུ་དང་དབྱི་རན། བྱང་ཁོ་རེ་ཡ་བཅས་རྒྱལ་ཁབ་གསུམ་ལ་བཀག་སྡོམ་བྱེད་
    པའི་ཁྲིམས་གཞིར་མཚན་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་03ཉིན། 11:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐི་རོམ་ཕུ་ཡིས་ཨུ་རུ་སུ་དང་དབྱི་རན། བྱང་ཁོ་རེ་ཡ་བཅས་རྒྱལ་ཁབ་གསུམ་ལ་བཀག་སྡོམ་བྱེད་
པའི་ཁྲིམས་གཞིར་མཚན་རྟགས་བཀོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་2ཉིན། ཨ་རིའི་སྲིད་འཛིན་ཐི་རོམ་ཕུ་ཡིས་ཨུ་རུ་སུ་དང་དབྱི་རན། བྱང་ཁོ་རེ་ཡ་བཅས་རྒྱལ་ཁབ་གསུམ་ལ་དམིགས་པའི་བཀག་སྡོམ་ཁྲིམས་གཞི་ཞིག་ལ་མཚན་རྟགས་བཀོད་པས། ཁྲིམས་གཞི་དེ་ཉིད་ཁྲིམས་ལུགས་དངོས་གཞིར་གྱུར་པ་རེད། ཐི་རོམ་ཕུ་ཡིས་དུས་མཚུངས་སུ་ཁྲིམས་གཞི་དེར"སྐྱོན་ཚབས་ཆེན"ཡོད་ལུགས་ཀྱང་བསྟན་པ་རེད།
           ཉིན་དེར། ཐི་རོམ་ཕུ་ཡིས་གསལ་བསྒྲགས་ཤིག་ཏུ། བྱེད་ཐབས་ནན་པོར་བརྟེན་ནས་དབྱི་རན་དང་བྱང་ཁོ་རེ་ཡར་ཆད་པ་གཅོད་པར་རང་ཉིད་འཐད་པ་ཡོད་ཚུལ་དང་། སུ་ཞིག་གིས་ཨ་རིའི་ནང་སྲིད་ལ་ཐེ་གཏོགས་བྱས་ཀྱང་གུ་ཡངས་མི་གཏོང་ཞེས་བརྗོད་ཡོད་པ་རེད།
          ཡིན་ནའང་། ཐི་རོམ་ཕུ་ཡིས་དུས་མཚུངས་སུ། ཁྲིམས་གཞིར"སྐྱོན་ཚབས་ཆེན"འདུག་ལ། ལྷག་པར་དུ་ཨ་རིའི་སྲིད་འཛིན་སྡེ་ཁག་གི་ཕྱི་ཕྱོགས་སུ་གྲོས་མོལ་ཐེ་ཇུས་བྱེད་ཕྱོགས་ཀྱི་དབང་ཆར་གནོད་པ་དང་། སྲིད་འཛིན་པས་ཨ་རིའི་ཁེ་ཕན་སྲུང་དུས་ཀྱི"སྟབས་བསྟུན་རང་བཞིན"ཇེ་ཞན་དུ་བཏང་འདུག་ཅེས་བརྗོད་པ་རེད།
          ཐི་རོམ་ཕུ་ཡིས། ཨུ་རུ་སུ་ཕྱོགས་ཀྱིས་ཨ་རི་དང་འབྲེལ་བ་ཇེ་ལེགས་སུ་གཏོང་ཐབས་བྱེད་པར་ཨ་རིའི་ངོས་ནས་ངང་སྒུག་བྱེད་བཞིན་ཡོད་པས། འབྱུང་འགྱུར་ཨ་རི་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་གོ་ལ་ཧྲིལ་པོའི་གལ་ཆེའི་གནད་དོན་ཐད་མཉམ་ལས་བྱེད་པ་ལས་བཀག་སྡོམ་གྱི་ཁྲིམས་གཞི་ཡོད་པའི་དགོས་པ་མེད་པར་བྱེད་དུ་འཇུག་དགོས་ཞེས་བསྟན་པ་རེད།
          བཀག་སྡོམ་གྱི་ཁྲིམས་གཞི་འདི་ནི་ཟླ་7པའི་ཟླ་མཇུག་ལ། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་འོག་གཉིས་ཀྱིས་གྲོས་འཆམ་བྱས་པ་རེད། གོང་གསལ་རྒྱལ་ཁབ་གསུམ་ལ་བཀག་སྡོམ་བྱེད་པ་མ་ཟད། ཁྲིམས་གཞིར་ད་དུང་ཨུ་རུ་སུར་བཀག་སྡོམ་བྱས་རིགས་ཨ་རིའི་སྲིད་འཛིན་གྱིས་གློད་བཀྲོལ་གཏོང་བའི་དབང་ཆ་ཚོད་འཛིན་བྱེད་དབང་རྒྱལ་ཚོགས་ལ་ཡོད་པའི་དོན་ཚན་ཡང་ཁ་སྣོན་བྱས་ཡོད་པ་རེད།
           ཁྲིམས་གཞི་འདིར་གཞིགས་ན། ཨ་རིས་ཨུ་རུ་སུར་2016ལོའི་ཨ་རིའི་སྲིད་འཛིན་འདེམས་བསྐོ་ཆེན་མོ་དང་ཡུག་རེན་ཉམས་ཉེན་ལ་ཐེ་གཏོགས་བྱས་པར་ཁ་གཡར་ནས་ཨུ་རུ་སུའི་འབྲེལ་ཡོད་སྒེར་པ་དང་དཔལ་འབྱོར་དངོས་ལ་བཀག་སྡོམ་བྱས་པ་མ་ཟད། མདེལ་ལམ་འཕུར་མདའི་ལས་གཞི་འཕེལ་རྒྱས་བཏང་བ་རྒྱུ་རྐྱེན་དུ་བྱས་ནས་དབྱི་རན་དང་བྱང་ཁོ་རེ་ཡ་གཉིས་ལའང་བཀག་སྡོམ་གསར་པ་བྱས་པ་རེད།
           ཁྲིམས་གཞི་རུ། སྲིད་འཛིན་གྱིས་ཨུ་རུ་སུའི་བཀག་སྡོམ་གློད་བཀྲོལ་གཏོང་བའམ་ཡང་ན་ཕྱི་འབྲེལ་གྱི་རྒྱུ་ནོར་སོགས་བཀའ་རྒྱས་བསྡམས་པ་དག་ཕྱིར་སྤྲོད་པ་སོགས་ཨ་རི་དང་འབྲེལ་བ་ཡོད་པའི་ཨུ་རུ་སུའི་ཕྱི་འབྲེལ་སྲིད་ཇུས་ལ་འགྱུར་བ་གལ་ཆེན་གཏོང་བའི་བྱ་སྤྱོད་སྤེལ་སྐབས། རྒྱལ་ཚོགས་ལ་སྙན་ཞུ་འབུལ་དགོས་པ་དང་། རྒྱལ་ཚོགས་ལ་སྲིད་འཛིན་པའི་ཆོད་དོན་ཁས་མི་ལེན་པའི་དབང་ཆ་ཡོད་ལུགས་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།