འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཉི་ཧོང་གི་ཅིའུ་ཀྲོའུ་རུ་དྲག་ཆར་བབས་པ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་34ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། ཉི་ཧོང་གི་རྒྱལ་ཁབ་ཀྱི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་བའི་གཟའ་འཁོར་གཉིས་ཀྱི་རིང་ལ་ཉི་ཧོང་ཅིའུ་ཀྲོའུ་གླིང་ཕྲན་དུ་དྲག་ཆར་བསྟུན་མར་བབས་པས་ཧྥུའུ་ཀང་རྫོང་དང་ཏ་ཧྥེང་རྫོང་སོགས་ས་ཁུལ་དུ་གནོད་འཚེ་ཚབས་ཆེན་ཐེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་གྲངས་34ཟིན་ཞིང། གཞན་ཡང་མི་7གར་སོང་ཆ་མེད་གྱུར་པ་དང་། རོགས་སྐྱོབ་མི་སྣ་2700ལྷག་གིས་སྔར་བཞིན་གར་སོང་ཆ་མེད་དུ་གྱུར་པའི་མི་འཚོལ་བཞིན་ཡོད་པ་རེད།
         ཉི་ཧོང་གནམ་གཤིས་བརྟག་དཔྱད་ཐིང་གིས་སྤེལ་བའི་གནས་འཕྲིན་ལས་མངོན་གསལ་ལྟར་ན། ཧྥུའུ་ཀང་རྫོང་དང་ཏ་ཧྥེང་རྫོང་གཉིས་སུ་ཚེས་17ཉིན་གནམ་གཤིས་ཚ་བ་ཆེ་ཞིང་། དེའི་ནང་གནོད་སྐྱོན་ཚབས་ཆེན་ཕོག་པའི་ཧྥུའུ་ཀང་རྫོང་གི་ཁྲའོ་ཚང་གྲོང་ཁྱེར་དུ་ཧྲེ་ཧྲི་དྲོད་ཚད་མཐོ་ཤོས་ཏུའུ་34.8ཟིན་ཡོད་པ་རེད། གཞན་ཡང་ཧྥུའུ་ཀང་རྫོང་དུ་ཚེས་18ཉིན་ལ་ད་དུང་ཆར་པ་ཆེན་པོ་འབབ་ཤས་ཆེ་བ་རེད།
         གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་17ཉིན་དང་བླངས་པ་སྟོང་ཕྲག་ཁ་ཤས་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་ནས་གནོད་སྐྱོན་ཕོག་པའི་སྡོད་དམངས་ལ་སྡོད་ཁང་གཙང་བཤེར་དང་སྐྱོན་མཇུག་ལེགས་བསྡུས་ལས་ཀ་སྒྲུབ་རོགས་བྱས་པ་རེད། ཡིན་ནའང་གནམ་གཤིས་དྲོད་ཚད་མཐོ་བས་གནོད་ཐེབས་མང་ཚོགས་དང་བླངས་པ་ཁ་ཤས་ལ་གཅིག་རྗེས་གཉིས་མཐུད་དུ་ཚ་གདུག་ཕོག་པ་རེད། ཉིན་དེར་གནོད་སྐྱོན་ཕོག་ཁུལ་ཁག་གཅིག་ཏུ་སླར་ཡང་ཆར་པ་ཆེན་པོ་འབབ་པའི་སྔོན་ཚུད་ཀྱི་ཉེན་བརྡ་བཏང་བས། དང་བླངས་པའི་རོགས་སྐྱོབ་བྱེད་སྒོ་དང་འཚོལ་སྐྱོབ་ལས་ཀ་སྐབས་ཤིག་རིང་མཚམས་མ་བཞག་ཐབས་མེད་བྱུང་བ་རེད།
         ཉི་ཧོང་གི་ཅིའུ་ཀྲོའུ་རུ་ཚེས་5ཉིན་ནས་དྲག་ཆར་བསྟུན་མར་འབབ་འགོ་ཚུགས་པ་རེད། ཉེ་སྟོན་ཉི་ཧོང་སྲིད་གཞུང་གིས་ཐེངས་འདིའི་དྲག་ཆར་དེ"གནོད་འཚེ་དམིགས་བསལ་ཆེ་བ"ལ་གཏན་འཁེལ་བྱེད་རྒྱུའི་བསམ་གཞིག་བྱེད་བཞིན་ཡོད་པ་བསྟན་པ་རེད། གནོད་འཚེ་དམིགས་བསལ་ཆེ་བར་གཏན་འཁེལ་བྱས་པ་ཡིན་ན། ཉི་ཧོང་སྲིད་གཞུང་གིས་གནོད་འཚེ་ཕོག་ཁུལ་ལ་མ་དངུལ་ཐོག་ནས་རོགས་སྐྱོར་བྱེད་ཚད་མཐོ་རུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།