འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོ་སྐོར་བའི་རྐང་འཁོར་འགྲན་བསྡུར་གྲོ་ཚང་ནས་འགོ་བཙུགས་པ།

    རི་པིན་གྱི་རྐང་འཁོར་རུ་ཁག་གི་བདམས་ཐོན་པས་འགོ་ཚུགས་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། 2017ལོའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་འགྲན་བསྡུར་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་དང་འགྲན་མཚམས་དང་པོ་གྲོ་ཚང་ནས་ཟི་ལིང་བར་ཡིན་པ་དང་རྐང་འཁོར་རུ་ཁག་22ཀྱི་བདམས་ཐོན་པ་146འགོ་ཚུགས་འགྲན་བསྡུར་ལ་ཞུགས་ཡོད།
         འགྲན་མཚམས་དང་པོའི་སྤྱིའི་རིང་ཚད་ལ་སྤྱི་ལེ་153ཡོད་པ་དང་སྤྱི་ལེ་49.6དང་སྤྱི་ལེ་103.4ཡི་སར་མཐའ་མའི་གདོང་མཆོང་བྱ་ཡུལ་གྱི་འགྲན་མཚམས་གཉིས་སོ་སོར་བཙུགས་ཡོད་པ་དང་སྤྱི་ལེ་82.9ཡི་སར་རིམ་གསུམ་གྱེན་ལམ་བཀོད་སྒྲིག་བྱས་ཡོད། བདམས་ཐོན་པ་ཚོ་མཚོ་སྔོན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་ནས་ཐོན་ཏེ་ཕིན་ཨན་དང་། དགོན་ལུང་། ཏ་ཐུང་བཅས་བརྒྱུད་ནས་མཐའ་མའི་ས་ཚིགས་ཏེ་ཟི་ལིང་མཚོ་མཚེའུ་ཁུལ་གསར་ལུས་རྩལ་ཁང་གི་ཉེ་འགྲམ་དུ་འབྱོར་གྱི་ཡོད།
         མཐར་རི་པིན་གྱི་UKYOརྐང་འཁོར་རུ་ཁག་གི་ཆའོ་ཨན·པེ་ལཱ་སི་ཐུའུ་ལིས་ཆུ་ཚོད་3དང་སྐར་མ་31གི་གྲུབ་འབྲས་ཐོག་ནས་འགྲན་མཚམས་དེའི་ཨང་དང་པོ་བླངས་ཡོད། སི་ལུའོ་ཝུན་ཉི་ཡ་ཨའེ་ཏེ་ལི་ཡ་མོ་པེར་རུ་ཁག་གི་ཏུའུ་སང་དང་ཀན་སུའུ་དངུལ་ཁང་རུ་ཁག་གི་པའོ་ཀེ་ལ་སེས་སོ་སོར་འགྲན་མཚམས་འདིའི་ཨང་གཉིས་པ་དང་གསུམ་པ་བླངས་ཡོད། ཐུར་ཁེའི་ཐུའུ་ཁུ་རུ་ཁག་གི་པཱ་ཁེ་ཆིས་གྱེན་ལ་འཛེག་མཁན་ཨང་དང་པོ་མཚོན་པའི་རི་མོ་སྒོར་ཐིག་གི་འོག་འཇུག་གྱོན་པ་དང་མ་ལེ་ཞི་ཡ་ཏེང་ཅ་ནུའུ་རུ་ཁག་གི་ཨེར་ཏེ་ནིས་ཨེ་ཤེ་ཡའི་བདམས་ཐོན་པ་ཡག་ཤོས་མཚོན་པའི་འོག་འཇུག་སྔོན་པོ་གྱོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།