འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གོང་མའི་ཕོ་བྲང་གིས་ཙི་ཅིན་ཕོ་བྲང་དང་མཚོ་ཐོག་དར་གོས་ལམ་བུ་འགྲེམས་སྟོན་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན་ནས་ཟླ་7ཚེས་8ཉིན་བར་གོང་མའི་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་གིས་གཙོ་གཉེར་བྱས་པའི"ཙི་ཅིན་ཕོ་བྲང་དང'མཚོ་ཐོག་དར་གོས་ལམ་བུའི'"འགྲེམས་སྟོན་དེ་གོང་མའི་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་དུ་གཉེར་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནི་གོང་མའི་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་གིས་ཁང་དེའི་ནང་ཉར་ཚགས་བྱས་པའི་དངོས་རྫས་འགྲེམས་སྟོན་ཐེངས་དང་པོ་བྱས་ཏེ་མཚོ་ཐོག་དར་གོས་ལམ་བུ་མཚོན་པའི་འགྲེམས་སྟོན་ཆེ་གྲས་ཤིག་ཡིན་པ་དང་། མཚོ་ཐོག་དར་གོས་ལམ་བུ་དང་འབྲེལ་བ་ཡོད་པའི་རྩ་ཆེའི་རིག་དངོས་སྣ་ཚོགས་140འགྲེམས་སྟོན་བྱས་པའི་ནང་རྫ་ཆས་དང་། ཡིག་རིས། དཔེ་དེབ། གཡང་ཊིའི་ཡོ་ཆས། གསེར་དངུལ་ཡོ་ཆས། གཡུ་རྩིའི་ཡོ་ཆས། ཆུ་ཚོད། ཚན་རིག་དཔྱད་ཆས། དྲག་ཆས། ཁྱིམ་ཆས་སོགས་ཚུད་ཡོད། རིག་དངོས་དེ་དག་གཙོ་བོ་མིང་དང་ཆིང་རྒྱལ་རབས་སུ་ཕོ་ཉ་འགྲོ་འོང་བྱེད་སྐབས་ཀྱི་ལག་རྟགས་དང་། ཕྱི་རྒྱལ་གྱི་ཆོས་སྤེལ་མཁན་གྱིས་ཁྱེར་ཡོང་བའི་ལག་རྟགས། མངའ་འོག་བློན་པོས་བསྐྱལ་བའི་འབུལ་རྟེན། ཕོ་བྲང་ནས་ཉོ་སྒྲུབ་དང་མངགས་ཉོ་བྱས་པ། གོང་མའི་བཀའ་ལྟར་ཕོ་བྲང་ངམ་ཡང་ན་ས་གནས་ཀྱི་བཟོ་ཁང་གིས་འདྲ་བཟོ་བྱས་པའི་དངོས་ཟོག་སོགས་ཡིན་པ་དང་། དེ་དག་གིས་མིང་དང་ཆིང་རྒྱལ་རབས་ཀྱིས་ཕྱི་ཕྱོགས་དང་སྤེལ་རེས་དང་འགྲོ་འོང་བྱས་ཚུལ་གཅིག་སྡུད་ངང་མཚོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།