འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གློག་དྲ་ཆུང་ངུ་དང་པོར་གློག་ཚོང་གི་ཆོག་འཐུས་ལག་ཁྱེར་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་06ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་2ཉིན། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་གློག་ཤུགས་ཚོགས་པ་ནས་ཤེས་རྟོགས་བྱས་པར། ཚོགས་པ་དེའི་ཁོངས་གཏོགས་ཀྱི་ལུང་ཡོན་གློག་ཤུགས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་བསྐྲུན་འགན་འཁུར་བའི་ཐུའུ་ལུའུ་ཕེན་ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་གློག་དྲ་ཆུང་ངུའི་དཔེ་སྟོན་རྣམ་གྲངས་ལ་ཉེ་ཆར་གློག་ཚོང་ཆོག་འཐུས་ལག་ཁྱེར་རག་པ་རང་རྒྱལ་དུ་གློག་ཤུགས་ལས་སྒོའི་ཆོག་འཐུས་ལག་ཁྱེར་(གློག་གཏོང་རིགས་)རག་པའི་གློག་དྲ་ཆུང་ངུ་དང་པོ་དེ་ཡིན་པ་རེད།
         ལུང་ཡོན་གློག་ཤུགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཐུའུ་ལུའུ་ཕེན་གྱི་ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་གློག་དྲ་ཆུང་ངུ་ནི་རང་རྒྱལ་གྱི་གློག་དྲ་ཆུང་ངུའི་དཔེ་སྟོན་རྣམ་གྲངས་དང་པོ་དེ་ཡིན་པ་དང་། 2013ལོའི་ལོ་མཇུག་ཏུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད། རྣམ་གྲངས་དེས་གྲོང་མིའི་ཐོག་སྟེང་དུ་སྟར་པ་293གྱི་འོད་ཤུགས་ཀྲའོ་ཝ་8.7བསྐྲུན་པ་དང་ཆབས་ཅིག་ཆན་ཕུའུ་10ཡི་བསད་འབར་ས་ཚིགས་ཤིག་དང་། ལྟ་སྐུལ་ཚོད་འཛིན་ལྟེ་གནས་གཅིག་དང་ཀྲའོ་ཝ་1གི་གློག་གསོག་འཇོག་སྒྲིག་ཆས་1 སྤྱི་སྤྱོད་རླངས་འཁོར་གྱི་གློག་གསོག་ས་ཚིགས་1སོགས་དུས་གཅིག་ཏུ་བསྐྲུན་པ་རེད། གློག་དྲ་ཆུང་ངུའི་མ་ལག་དེས་ཁྱབ་ཁོངས་ནང་ཁུལ་གྱི་གྲོང་མིའི་དུད་ཚང་5700ལྷག་ཙམ་དང་དེ་བཞིན་ལས་ཁུངས་དང་བྱ་གཞག་ཚན་པ་དང་། ཚོང་དུད་སོགས་ལ་གློག་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།