འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སྦྲག་སྐྱེལ་གྲུ་གཟིངས་འབྲིང་ཆུང"ཀྲུང་གོས་བཟོ་སྐྲུན"ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་3ཉིན། སྦྲག་སྐྱེལ་གྲུ་གཟིངས་ཐོན་ལས་ལ“མཚོ་ཐོག་ཏུ་འཕྱོ་བའི་ཐོན་ལས་རྩེ་གྲ”ཞེས་བརྗོད་སྲོལ་ཡོད། མིག་སྔར་ཀྲུང་གོ་ཡུལ་སྐོར་ཚོགས་པ་ཀུང་སིས་ཀྲུང་གོ་གྲུ་གཟིངས་བཟོ་ལས་ཚོགས་པ་ཀུང་སི་དང་མཉམ་དུ་པེ་ཅིང་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་རང་རྒྱལ་གྱིས་བཟོས་པའི་སྦྲག་སྲིད་གྲུ་གཟིངས་འབྲིང་ཆུང་གི་རྣམ་གྲངས་མཉམ་ལས་དངོས་སུ་འགོ་ཚུགས་ཡོད་པ་རེད། ཕྱོགས་གཉིས་པོས་2021ལོར་ཀོང་ཀྲོའུ་རུ་རང་རྒྱལ་གྱིས་བསྐྲུན་པ་དང་རང་རྒྱལ་དུ་གཉེར་སྐྱོང་བྱེད་རྒྱུའི་སྦྲག་སྐྱེལ་གྲུ་གཟིངས་འབྲིང་ཆུང་ཐོག་མ་དེ་བཟོ་བ་དང་འབྲེལ་རྩིས་སྤྲོད་བྱེད་རྒྱུ་ཡིན་པ་རེད།
         ཉེ་ལམ་ལོ་ཤས་རིང་རང་རྒྱལ་གྱི་སྦྲག་སྐྱེལ་གྲུ་གཟིངས་ཀྱི་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ནས་ལོ་བཅུའི་ནང་གྲུ་གཟིངས་ལ་སྡོད་མཁན་ཡུལ་སྐོར་བ་མི་གྲངས་ཁྲི་1ཀྱང་མི་ཟིན་པ་ནས་ན་ནིང་གི་མི་ཁྲི་212བར་མང་དུ་ཕྱིན་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་40%ལྷག་ཙམ་ཟིན་ནས་མིག་སྔར་ཨེ་ཤེ་ཡའི་སྦྲག་སྐྱེལ་གྲུ་གཟིངས་ཀྱི་ཡུལ་སྐོར་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད་པ་རེད། ཡིན་ནའང་རང་རྒྱལ་གྱི་སྦྲག་སྲིད་གྲུ་གཟིངས་ཐོན་ལས་སྔར་བཞིན་ལས་འགོ་འཛུགས་པའི་དུས་མཚམས་སུ་གནས་ནས་ཁེ་ལས་ཀྱི་གཞི་ཁྱོན་ཆུང་བ་དང་། ཁྲོམ་རར་ཞུགས་ཚད་དམའ་བ། རང་བརྟེན་སྦྲག་སྲིད་གྲུ་གཟིངས་ཀྱི་སྤུས་རྟགས་ཞན་པ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆུང་བ་བཅས་ཡོད་པ་རེད། མིག་སྔར་རང་རྒྱལ་གྱི་མཚོ་རྒྱུད་དུ་བཀོད་སྒྲིག་བྱས་པའི་སྦྲག་སྲིད་གྲུ་གཟིངས་18ཚང་མ་ཕྱི་རྒྱལ་གྱི་གྲུ་གཟིངས་བཟོ་གྲྭས་བསྐྲུན་པ་ཤ་སྟག་ཡིན་ལ་ཧ་ལམ་ཚང་མ་རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་ཀུང་སིས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་རེད།
         གོང་གསལ་གྱི་གནད་དོན་ཐག་གཅོད་བྱེད་ཆེད་མཉམ་ལས་ནང་ཞུགས་མཁན་ཀྲུང་དབྱང་ཁེ་ལས་གཉིས་ཀྱིས་རང་སོ་སོའི་ཡུལ་སྐོར་ཐོན་ལས་དང་སྒྲིག་ཆས་ཐོན་ལས་ཁྱབ་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་སྦྲག་སྲིད་གྲུ་གཟིངས་ཕྱིར་ཚོང་དང་། གཉེར་སྐྱོང་། ཇུས་འགོད་བཟོ་སྐྲུན་སོགས་ཀྱི་གོང་འོག་ཐོན་ལས་འབྲེལ་ཐག་མཉམ་དུ་གཏོད་པ་དང་རང་རྒྱལ་གྱི་སྦྲག་སྐྱེལ་གྲུ་གཟིངས་ཐོན་ལས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་དེ་རྨང་གཞིར་བྱས་ཏེ་རྒྱ་མཚོའི་ཡུལ་སྐོར་དང་། རྩེར་སོན་ཡུལ་སྐོར་སྒྲིག་ཆས། དངུལ་རྩའི་མ་འཇོག་སོགས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།