འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་དམངས་གཉེར་ཁེ་ལས་ཀྱིས"ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་རམ"བྱ་རྒྱུར་
    སྐུལ་མ་ཏན་ཏིག་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ནས་ཤེས་རྟོགས་བྱུང་གསལ། བོད་ཀྱི་དམངས་གཉེར་ཁེ་ལས་མགྱོགས་མྱུར་ཕྱོགས་བསྒྱུར་རིམ་སྤོར་བྱུང་བ་དང་བསྟུན་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བསྡོམས་འབོར་མངོན་གསལ་དོད་པོས་འཕར་བ་དང་། ཁེ་ལས་ཀྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། གསར་གཏོད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྣེ་འདྲེན་ཐོན་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་པ། ཁྲོམ་རར་ཞུགས་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་བཅས་ཀྱི་འཕེལ་ཚུལ་བཟང་པོ་ཐོན་པ་དེས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་མི་འབོར་དབུལ་པོ་ཕྱུག་འགྱུར་སྣེ་ཁྲིད་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ན་ནིང་བོད་ཀྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་རམ”བྱེད་པའི་གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ནང་ཞུགས་མཁན་དམངས་གཉེར་ཁེ་ལས་455ཡིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.16བཏང་ནས་གྲོང་ཚོ་དབུལ་པོ་155ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་འབྲེལ་དུད་ཚང་དབུལ་པོ་8833ཡི་མི་འབོར་དབུལ་པོ་ཁྲི་3.93ལ་སྣེ་ཁྲིད་ཐུབ་ཡོད།
         “ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་རམ”བྱེད་པ་ནི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་ལ་རོགས་རམ”བྱེད་པའི་གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་དེ་བོད་དུ་ལག་བསྟར་ཞིབ་ཕྲ་དང་གསོན་ཉམས་ལྡན་པའི་ལག་ལེན་བསྟར་བ་ཞིག་ཡིན་པ་དེ་ནི་བོད་ཀྱི་དམངས་གཉེར་ཁེ་ལས་མཁས་ཅན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་ཞུགས་ནས་རྒྱལ་ཁ་ལེན་པའི་ཐབས་ལམ་གལ་ཆེན་ཞིག་རེད། དོན་དངོས་ལས་ཀའི་ཁྲོད་རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲི་ལ་རོགས་རམ”བྱེད་པའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང《བོད་ཀྱི་དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་རམ”བྱེད་པའི་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ལག་བསྟར་ཇུས་གཞི》བཟོས་པ་མ་ཟད། ད་དུང་མཐུན་སྦྱོར་བྱས་ཏེ་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལྗོངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་རམ”བྱེད་པའི་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་བཟོ་ཚོང་ལྷན་ཚོགས་ཀྱིས་ཀྱང་བཞུགས་མོལ་ཚོགས་འདུ་དང་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ་སོགས་སྔ་རྗེས་སུ་འཚོགས་ཏེ་རིམ་པ་བཞིན་སྐུལ་སློང་དང་བཀོད་སྒྲིག་བྱས་པས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང“ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་རམ”བྱེད་པའི་གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་རེད།
         བོད་ཀྱིས“ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་རམ”བྱེད་པའི་དྲིལ་བསྒྲགས་དང་། བརྟག་ཞིབ། འབྲེལ་མཐུད་བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་དབུལ་སྐྱོར་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོའི་ནང་དམངས་གཉེར་ཁེ་ལས་ཞུགས་རྒྱུ་སྒྲིག་འཛུགས་བྱས་པ་དང་ཆབས་ཅིག“དབུལ་སྐྱོར་ཉིན་མོའི”མཚན་ཚོགས་ལ་དམངས་གཉེར་ཁེ་ལས་50ཞུགས་རྒྱུའི་སྐུལ་སློང་བྱས་ཁར་ས་གནས་ས་ཐོག་ཏུ་དམངས་གཉེར་ཁེ་ལས་37གྱིས་དངུལ་སྒོར་ཁྲི་1000ཙམ་ཞལ་འདེབས་ཕུལ་ཡོད། དེ་དང་ཕྱོགས་མཚུངས་གྲོང་ཁྱེར་དང་ས་ཁུལ་ཁག་གི་བཟོ་ཚོང་ལྷན་ཚོགས་ཀྱིས་ཤང་དང་། གྲོང་ཚོ། ཞིང་དུད་བཅས་སུ་དམངས་གཉེར་ཁེ་ལས་ལ་བརྟག་ཞིབ་དང་འབྲེལ་མཐུད་བྱེད་པར་བསྐྱོད་རྒྱུའི་སྒྲིག་འཛུགས་གཏིང་ཟབ་བྱས་པས་དབུལ་སྐྱོར་བྱ་ཡུལ་དང་དབུལ་སྐྱོར་བྱ་ཐབས་གཏན་འཁེལ་བྱུང་བ་དང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན“ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་རམ”བྱེད་པའི་གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་ཕྱུག་པོ་ཆགས་དུས་འབྱུང་རྩ་དྲན་པ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་ཐུབ་པ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།