འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གིས་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་8.39བཏང་ནས་ཤིན་ཅང་
    གི་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་ཐད་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་རྒྱལ་ཁབ་ཀྱིས་2017ལོའི་ཁག་དང་པོའི་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་འདུ་འགོད་ཀྱི་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་འཆར་གཞི་གཤམ་སྤེལ་བྱས་ཤིང་། ཤིན་ཅང་ལ་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་8.39བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་དབུལ་པོ་ཁྲི་8.39ཡི་གནས་སྤོའི་སྡོད་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱོད་རྒྱུ་དང་མི་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་སྒོར་ཁྲི་1སྤྲོད་རྒྱུ་རེད།
         གསར་འགོད་པར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་ཕུད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་། ནོར་སྲིད་པུའུ། མི་དམངས་དངུལ་ཁང་བཅས་དང་མཉམ་དུ་ཤིན་ཅང་གི་2017ལོའི་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་གྱི་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར་29.365གཏོང་རྒྱུ་ཡིན་པ་རེད།
         མིག་སྔར་རང་སྐྱོང་ལྗོངས་ཀྱིས་ཁག་དང་པོའི་མི་ཁྲི་6.788ཀྱི་སྡོད་ཁང་འཛུགས་སྐྲུན་ལས་འགན་འབྲེལ་ཡོད་ས་གནས་(ཀྲོའུ་)དང་རྫོང་(གྲོང་ཁྱེར་དང་ཆུས་)བཅས་ལ་ཁག་བགོས་གཤམ་སྤྲོད་བྱས་པ་དང་འབྲེལ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཤིན་ཅང་ཡན་ལག་དངུལ་ཁང་དང་ཞིང་ལས་འཕེལ་རྒྱས་དངུལ་ཁང་ཤིན་ཅང་ཡན་ལག་དངུལ་ཁང་དང་འབྲེལ་མཐུད་བྱས་ཏེ་མ་དངུལ་བསྡུ་སྒྲིལ་བྱས་ཡོད། ས་གནས་དང་ཀྲོའུ་ཁག་གིས་རྫོང་དང་གྲོང་ཁྱེར་གྱི་ལོ་འཁོར་མོའི་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་ལག་བསྟར་ཇུས་གཞིར་མཆན་འགོད་བཀའ་ལན་སློག་ནས་རྣམ་གྲངས་གང་མགྱོགས་ལས་འགོ་འཛུགས་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།
         རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་དུད་ཚང་མི་རེར་ཆ་སྙོམས་སྨི་ངོས་གྲུ་25ལས་མི་བརྒལ་བའི་སྡོད་ཁང་འཛུགས་སྐྲུན་ཚད་གཞི་ལག་ལེན་ནན་པོ་བསྟར་ནས་གནས་སྤོས་མང་ཚོགས་ཁང་པ་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་བུ་ལོན་བཟོ་བ་དང་དབུལ་སྒྲོལ་ལ་ཤུགས་རྐྱེན་ཐེབས་རྒྱུ་སྔོན་འགོག་བྱ་རྒྱུ་རེད་ཅེས་བཤད།
         《ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་འཛུགས་སྐྲུན་འཆར་འགོད(2016ལོ—2020ལོ་)》ལ་གཞིགས་ན། 2018ལོར་སླེབས་སྐབས་རང་སྐྱོང་ལྗོངས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་དབུལ་པོ་ཁྲི་11གི་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་འཛུགས་སྐྲུན་ལས་འགན་ལེགས་གྲུབ་ཐུབ་ནས་མང་ཚོགས་དབུལ་པོ་དུད་ཚང་རེའི་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་50—80ཟིན་པ་དང་། བདེ་འཇགས་འཐུང་ཆུ་དང་། འགྲོ་སྐྱོད་སྟབས་བདེ། ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་པའི་གློག་སོགས་གཞི་རྩའི་དགོས་མཁོ་སྐོང་བ། སློབ་གསོ་དང་། སྨན་བཅོས། རིག་གནས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གཞི་རྩའི་ཆར་བཀོད་སྒྲིག་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།