འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པ་ཡིས“ངོ་ཐུག་གདོང་འཕྲད་བཞིའི”ཇུས་གཞི་ལག་བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཀྲོའུ་ལིས་རྫོང་འབོ་ཏོག་ཤུ་ཀོ་ཤང་རབ་ཕོ་གྲོང་ཚོའི་ལོ་56ལ་སླེབས་པའི་ཏང་ཡོན་རྒན་གྲས་ཆིའུ་ཝང་ཧྲེང་གི་བསམ་ཡུལ་ལས་འདས་པ་ནི། ཁོང་གིས་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་ཉེ་འགའ་ཕྱོགས་ཞེན་བྱས་པའི་རྐྱེན་གྱིས་མང་ཚོགས་ཀྱིས་ཐེར་འདོན་བྱས་པ་དང་། ན་ནིང་ལོ་མཇུག་ཏུ་ཁོང་གིས་རང་འགུལ་ངང་གྲོང་ཚོ་ཀྲི་པུའུ་ཧྲུའུ་ཅིའི་གོ་གནས་དགོངས་ཞུ་བྱས་ཀྱང་གནས་ཚུལ་དེ་ད་དུང་མཇུག་འགྲིལ་མེད་པ་དེ་རེད།
           འདི་ལོའི་ཟླ་3པར་ཁོང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་མ་ཟད། ཚང་མའི་མདུན་དུ་ཆད་གཅོད་གཏན་འབེབས་ཡོངས་བསྒྲགས་ཀྱང་བྱས་པ་རེད། ཟླ་3ཚེས་22ཉིན། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་། ཤང་ཡོངས་ཀྱི་གྲོང་ཚོ་5ཡི་ཀྲི་པུའུ་ཧྲུའུ་ཅི། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི། ཤང་ཀྲང་། ཤང་སྒྲིག་ཨུད་ཀྱི་ཧྲུའུ་ཅི། དེ་བཞིན་རྫོང་ཨུད་ཀྱི་རྒྱུན་ཨུ་གཉིས་བཅས་ཀྱི་མདུན་དུ་ཁོང་ངོ་ཚ་ཁ་སྐྱེངས་ཀྱིས་གདོང་ཡང་དམར་པོར་གྱུར།
           “མ་གཞི་བྱས་ན་ཆད་གཅོད་ནི་ཤོག་བུ་རྐང་ཅིག་ཡིན་ཡང་ད་རེས་གྱོང་ཆེན་པོ་ཕོག་ཅིང་། ‘དཔོན་གནས’ཤོར་བ་མ་ཟད། ད་དུང་ངོ་ཚ་ཁ་སྐྱེངས་ཡང་བྱུང་བ་དེ་རེད། བསམ་ཞིབ་དང་བློ་མཐུན་གྱིས་རོགས་རམ་བརྒྱུད་ད་རེས་ཀྱི་སྣ་སུན་འཁེལ་ནས་ཕྱིན་ཆད་བྱ་བ་དེ་རིགས་གཏན་ནས་བྱེད་ཀྱི་མིན”ཞེས་ཁོང་གིས་བཤད།
          རྔ་པ་ཀྲོའུ་སྒྲིག་ཨུད་ཀྱི་རྒྱུན་ཨུ་ཞུས་ཅི་མེ་ཡིས་སྔོན་ཆད་ཆད་གཅོད་གཏན་འབེབས་མང་ཆེ་བ་རང་ལས་ཁུངས་ཀྱི་ཏང་རྩ་འཛུགས་ལ་ཁྱབ་བསྒྲགས་བྱ་རྒྱུར་མངགས་བཅོལ་བྱེད་ཀྱི་ཡོད། འོན་ཀྱང་གནས་ཚུལ་ཐག་གཅོད་བྱས་རྗེས་རྟོག་ཞིབ་བྱས་པ་བརྒྱུད། དེ་ལྟར་བྱས་ན“གནད་ཆེ་གཡོལ་ནས་གནད་ཆུང་བརྗོད་པ”དང་ཤེས་རྒྱ་ཆུང་བའི་གནས་ཚུལ་ལྷག་གི་ཡོད། ལྷག་པར་དུ་ཆད་པ་ཕོག་པའི་འགོ་ཁྲིད་ལས་བྱེད་པའི་རིགས་ཀྱི་ཆད་གཅོད་གཏན་འབེབས་ཡོངས་བསྒྲགས་བྱེད་སྐབས་སྦས་གསང་དང་སྲུང་གང་ཐུབ་བྱས་པས་ཉེན་ཟོན་སློབ་གསོའི་ནུས་པ་ཐོན་གྱི་མེད་པ་ཤེས་རྟོགས་བྱུང་ཞེས་བཤད།
          འདི་ལོའི་ཟླ་3པའི་ཟླ་འགོར་རྔ་པ་ཀྲོའུ་ཨུད་ཀྱིས་ལྟ་སྐུལ་ཁྲིམས་བསྟར་གྱི“རྣམ་པ་བཞི”འཚོལ་ཞིབ་བྱས་ནས་སྤྱོད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་གྱི“ལས་དོན་རྗེས་མ”ཡག་པོ་སྒྲུབ་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་བཅས་ཀྱི་ཆེད་《ཏང་གི་སྒྲིག་ཁྲིམས་ཆད་གཅོད་གཏན་འབེབས་ནང“ངོ་ཐུག་གདོང་འཕྲད་བཞི”ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱེད་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་》བཟོས་ནས། སྒྲིག་འགལ་མི་སྣའི་གོ་གནས་མཐོ་དམན་དང་། གྱོད་གཞི་ཆེ་ཆུང་། མི་གྲངས་མང་ཉུང། ཐག་གཅོད་ལྕི་ཡང་བཅས་ལ་མ་བལྟོས་པར། ཆད་པ་ཕོག་མཁན་སོ་སོའི་ལས་ཁུངས་ཏང་རྩ་འཛུགས་ཀྱིས་ཆད་གཅོད་གཏན་འབེབས་ཡི་གེ་འབྱོར་བའི་ཉིན་20ནང་ངེས་པར་དུ་ཆད་གཅོད་གཏན་འབེབས་ཁྱབ་བསྒྲགས་བྱེད་པའི་ཚོགས་འདུ་འཚོག་དགོས་པ་མ་ཟད། “ངོ་ཐུག་གདོང་འཕྲད་ཀྱིས་སྐྱོན་བརྗོད་དང་། ངོ་ཐུག་གདོང་འཕྲད་ཀྱིས་ཕྱོགས་སྡོམ། ངོ་ཐུག་གདོང་འཕྲད་ཀྱིས་རོགས་རམ། ངོ་ཐུག་གདོང་འཕྲད་ཀྱིས་བསླབ་བྱ་དང་ལེན”བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། དོ་བདག་ལ་སྒྲིག་འགལ་གྱི་རྒྱུ་རྐྱེན་དང་། བསམ་བློའི་ངོས་འཛིན། དག་ཐེར་ཁ་ཕྱོགས་སོགས་ཀྱི་ཐད་རང་སྐྱོན་རང་བརྗོད་བྱེད་དུ་འཇུག་དགོས་པ་དང་། ཚོགས་ཞུགས་མི་སྣར་སྐྱོན་བརྗོད་རོགས་རམ་བྱེད་པ་དང་རྨོངས་གཉིད་ལས་སད་པའི་མྱོང་ཚོར་གླེང་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།