འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་སྐྱབས་བཅོལ་བ་དང་ལེན་བྱེད་མཁན་རྒྱལ་ཁབ་ལ་རྒྱབ་
    སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་འབོད་སྐུལ་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲི། ཟླ་3ཚེས་28ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅོར་ཏན་ཚུད་པའི་སྐྱབས་བཅོལ་བ་དང་ལེན་བྱེད་མཁན་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུའི་འབོད་སྐུལ་གནང་བ་རེད།
           ཅོར་ཏན་ཕེ་ཐེ་ལ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཀུ་ཐེ་ལེ་སི་གོང་ཚེས་ཉིན་ཅོར་ཏན་བྱང་རྒྱུད་ཀྱི་སི་རི་ཡའི་མཐའ་མཚམས་སུ་གནས་པའི་ཀྲ་ཐ་ལི་སྐྱབས་བཅོལ་བའི་སྒར་སར་འཚམས་འདྲིར་ཕེབས་ཡོད། ཁོང་གིས་གཟིགས་སྐོར་གནང་རྗེས་ཅོར་ཏན་གྱིས་སྐྱབས་བཅོལ་བ་བཀོད་སྒྲིག་ཐད་མུ་མཐུད་འབད་བརྩོན་བྱས་པར་བསྔགས་བརྗོད་གནང་བ་དང་སྦྲགས་འབྲེལ་ཡོད་རྒྱལ་སྤྱིའི་སྒྲིག་གཞིས་ཅོར་ཏན་གྱིས་སྐྱབས་བཅོལ་བ་བཀོད་སྒྲིག་བྱེད་པའི་གནད་དོན་ཐད་འཕྲད་པའི་གནོན་ཤུགས་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།
           གནས་ཚུལ་སྤེལ་བའི་ནང་། ཀུ་ཐེ་ལེ་སིས་གོང་ཚེས་ཉིན་ད་དུང་ཅོར་ཏན་གྱི་རྒྱལ་པོ་ཨ་པོ་ཏུའུ་ལ་སྐུ་ཐོག་གཉིས་པ་དང་མཇལ་འཛོམས་གནང་ནས་ཕྱོགས་གཉིས་པོས་འཛམ་གླིང་དབུས་ཤར་གྱི་ཞི་བདེ་འཕེལ་རིམ་གྱི་ད་ཡོད་གནས་ཚུལ་དང་གནད་དོན་ལ་ཞིབ་དཔྱད་བྱས་ནས་སི་རི་ཡའི་གནད་དོན་གྱི་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཇུས་གཞིའི་ཐད་ངེས་པར་དུ་སི་རི་ཡའི་བདེ་འཇགས་དང་མངའ་ཁོངས་ཆ་ཚང་ལ་བསམ་གཞིག་བྱེད་དགོས་པའི་ངོས་འཛིན་མཐའ་གཅིག་ཏུ་གནང་བ་འཁོད་ཡོད།
           ཀུ་ཐེ་ལེ་སི་ཚེས་29ཉིན་ཅོར་ཏན་གྱི་སི་ཧའེ་མཚོ་འགྲམ་དུ་འཚོག་རྒྱུའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ཚོགས་འདུ་ཐེངས་28པར་ཞུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།