འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་ཧུའེ་རླངས་འཁོར་ཚོགས་པས་མོ་ཞི་ཁོར་རླངས་འཁོར་གསར་པ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཨན་ཧུའེ་ཅང་ཧུའེ་རླངས་འཁོར་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་མོ་ཞི་ཁོ་རུ་JACསྤུས་རྟགས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་མོ་ཞི་ཁོ་ཡི་ཁྲོམ་རར་ནུས་མང་རླངས་འཁོར་(SUV)གཉིས་བཏོན་པ་རེད།
           རླངས་འཁོར་(SUV)གསར་པ་དེ་གཉིས་ཀྲུང་གོས་ཇུས་འགོད་བྱས་པའི་ཐོག་ཀྲུང་གོའི་ལག་རྩལ་སྤྱད་པ་མ་ཟད། ལྷུ་ལག་མང་ཆེ་བ་ཀྲུང་གོས་མོ་ཞི་ཁོར་ཕྱིར་གཏོང་བྱས་རྗེས་མོ་ཞི་ཁོའི་བཟོ་གྲྭས་སྒྲིག་སྦྱོར་བྱས་པ་ཞིག་རེད།
          ཅང་ཧུའེ་རླངས་འཁོར་རྒྱལ་སྤྱི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཕུང་གིས་ཅང་ཧུའེ་རླངས་འཁོར་ཀུང་སིར་ལ་ཏིང་མེ་གླིང་དུ་རླངས་འཁོར་ཚོང་གཉེར་ལོ་རྒྱུས་ལོ་10ལྷག་ཙམ་ཡོད་ལ། མོ་ཞི་ཁོར་རླངས་འཁོར་ཚོང་གཉེར་བྱས་ནས་ཐོན་རྫས་དང་སྤུས་རྟགས་རིམ་སྤོར་ཐུབ་པ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།