འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་མང་པོས་བསྟན་དོན་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་
    དབར་གྱི་འབྲེལ་བ་ཟབ་མོ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་སོ་སོའི་
    སྤྱི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ·མེ་ཡིས་ཡོ་རོབ་མནའ་འབྲེལ་ལ“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”ཡིག་ཆ་དངོས་སུ་སྤྲད་ནས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”བརྒྱུད་རིམ་དངོས་སུ་སྤེལ་འགོ་ཚུགས་ཡོད། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་མང་པོ་ཞིག་གིས་དབྱིན་ཇིས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ”རྗེས་ཡོ་རོབ་མནའ་འབྲེལ་དབར་གྱི་འབྲེལ་བ་ཟབ་མོ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་དང་། གྲོས་མོལ་བྱེད་རིང་རྒྱལ་ཁབ་སོ་སོའི་སྤྱི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
            ཚེས་30ཉིན། ཧྥ་རན་སེའི་ཙུང་ཐུང་ཨའོ་ལང་ཏེས་ཐེ་ལེ་ཧྲ·མེ་དང་ཞལ་པར་བསྐྱོན་རེས་གནང་ནས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གྲོས་མོལ་ནང་ཁ་གསལ་དང་དགེ་མཚན་ལྡན་པའི་རང་བཞིན་གྱི་རྩ་དོན་ལ་སྲུང་བརྩི་ཞུས་ནས་གཏན་འཁེལ་མེད་པའི་རང་བཞིན་མེད་པ་བཟོ་རྒྱུ་དང་འབྲེལ་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་གཞན་དག་27གྱི་སྒྲིག་སྲོལ་དང་ཁེ་ཕན་ལ་བརྩི་འཇོག་བྱེད་དགོས་ཞེས་བསྟན་གནང་བ་རེད།
           ཨའོ་ལང་ཏེས་གྲོས་མོལ་གྱི་ཐོག་མའི་དུས་རིམ་ནང་དང་ཐོག་གླེང་དགོས་པ་ནི་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་བྱེད་པའི་འབྲེལ་ཡོད་དོན་ཚན་དང་ལྷག་དོན་དུ་དབྱིན་ཇིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་འོས་འགན་དང་ཁས་ལེན་དེ་ཡིན། དེའི་རྨང་གཞིའི་ཐོག་གཞི་ནས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁོའོ་ཡི་གྲོས་གཞི་གཞིར་བཟུང་། འབྱུང་འགྱུར་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་དབར་གྱི་འབྲེལ་བའི་སྐོར་གྱི་གྲོས་མོལ་བྱེད་འགོ་འཛུགས་དགོས་ཞེས་བཤད་པ་རེད།
           དབྱིན་ཇི་ཉིད་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་བྱེད་མཁན་ཁོངས་མིའི་རྒྱལ་ཁབ་ཐོག་མ་དེར་གྱུར་རུང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁེ་དང་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མར་ཐའི་ཙུང་ལི་མུའུ་སི་ཁ་ཐེས་ཚེས་29ཉིན་གྱི་དགོང་མོ་མར་ཐའི་རྒྱལ་ས་ཝ་ལེ་ཐ་རུ་བྱེད་སྒོའི་ནང་ཞུགས་སྐབས་ཡོ་རོབ་ཀྱི་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
          རོང་ཁེས“ཡོ་རོབ་མནའ་འབྲེལ་ལ་མི་འདང་བའི་ཆ་དང་ཕམ་ཉེས་ཀྱི་ཆ་ཡོད་རུང་། ངས་དེའི་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད”ཅེས་བཤད།
          མུའུ་སི་ཁ་ཐེས་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བ”དེ་ནི་བྱ་བ་ཡག་པོ་ཞིག་མིན་རུང་ཡོ་རོབ་མནའ་འབྲེལ་གྱིས་དེའི་མཐུན་སྒྲིལ་དང་སྟབས་བསྟུན་རང་བཞིན་ལ་བརྟེན་ནས་ཚང་མར་ངོ་མཚར་ཞིག་སྦྱིན་རྒྱུ་རེད། “ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གྲོས་མོལ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད། འོན་ཀྱང་ཕྱོགས་ཁག་གིས་མི་ཚང་མ་འདྲ་མཉམ་ཡོང་བའི་ཐག་གཅོད་ཇུས་གཞི་འཇོག་རྒྱུར་གཞོལ་རྒྱུ་མ་ཟད། དབྱིན་ཇི་དང་གྲོས་མཐུན་བྱུང་བ་ཚང་མས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་རྒྱུ་མེད་ཅེས་བཤད་པ་རེད།
            ཚེས་29ཉིན་གྱི་དགོང་མོ། ཕོ་ལན་གྱི་ཙུང་ལི་ཤིས་ཏི་ཝོ་དང་ཐེ་ལེ་ཧྲ·མེ་རྣམ་གཉིས་ཞལ་པར་བསྐྱོན་རེས་གནང་ཞིང་། ཕོ་ལན་སྲིད་གཞུང་གི་མགྲིན་ཚབ་པ་པོ་ཧེ་ན་ཁེ་ཡིས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ”རྗེས་ཇི་ལྟར་བྱས་ནས་དབྱིན་ཇིར་སྡོད་མཁན་ཕོ་ལན་བའི་ཁེ་དབང་འགན་ལེན་བྱ་རྒྱུ་ནི་ཞལ་པར་བསྐྱོན་རེས་གནང་བའི་གྲོས་དོན་གཙོ་བོའི་གྲས་ཤིག་ཡིན། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་སླད་ཕྱིན་གྱི་གྲོས་མོལ་བརྒྱུད་རིམ་བདེ་བླག་དང་ཕན་ནུས་ཆེན་པོ་ཡོང་བ་བྱས་ནས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བ”ལས་རྒྱལ་ཁབ་གཉིས་པོར་ཤུགས་རྐྱེན་ངན་པ་ཕོག་ཤུགས་ཆུང་དུ་གཏོང་རྒྱུའི་མོས་མཐུན་མཐའ་གཅིག་ཏུ་གནང་བ་རེད།
          གཞན་ཡང་། ཉིན་དེའི་སྔ་ཐིག་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་གཡོད་ཧན་ཤུན་གྱིས་ཕོ་ལན་གྱི་ཕྱི་འབྲེལ་པུའི་པུའུ་ཀྲང་ཝ་ཧྲེ་ཆི་ཁོའོ་ཕུའུ་སི་ཅིར་གློག་འཕྲིན་བཏང་སྟེ“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”སྐོར་ལ་གྲོས་བསྡུར་བྱས་ཡོད། ཝ་ཧྲེན་ཆི་ཁོའོ་ཕུའུ་སི་ཅིས་དབྱིན་ཇིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་ནན་པོ་གཞིགས་ནས་དབྱིན་ཇིར་སྡོད་མཁན་ཡོ་རོབ་མནའ་འབྲེལ་གྱི་ཡུལ་མིའི་ཁེ་དབང་འགན་ལེན་བྱེད་དགོས་པའི་རེ་འབོད་བྱས་ཡོད།
           ཚེས་29ཉིན། རོ་མ་ནི་ཡའི་ཙུང་ལི་ཀར་ལིན་ཏ་ཡ་ནུའུ་ཡིས་སྨྱན་སྦྱོར་ཐོག་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱི་གྲོས་མོལ་དེ་དགེ་མཚན་ལྡན་པའི་རྣམ་པའི་ཐོག་ནས་སྤེལ་ཏེ་ཕྱོགས་གཉིས་པོའི་ཕུགས་ཕན་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། ཁོང་གིས་ཡོ་རོབ་མནའ་འབྲེལ་དང་དབྱིན་ཇིའི་དབར་འབྲེལ་བ་ཟབ་མོ་འཛུགས་དགོས། དབྱིན་ཇི་ཉིད་མུ་མཐུད་རོ་མ་ནི་ཡའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། རོ་མ་ནི་ཡ་སྲིད་གཞུང་གིས་འབྲེལ་ཡོད་ལམ་སྲོལ་འཛུགས་པའི་ནང་ཧུར་ཐག་ཞུགས་ཏེ་ཡོ་རོབ་དང་དབྱིན་ཇིའི་སླད་ཕྱིན་གྱི་མཉམ་ལས་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད།
           ཚེས་29ཉིན། ཨེ་སོ་ནི་ཡའི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ནས་གོང་ཚེས་ཉིན་དབྱིན་ཇིས་ཡོ་རོབ་མནའ་འབྲེལ་ལ“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”ཡིག་ཆ་སྤྲད་པར་བློ་ཕམ་ཆེན་པོ་བྱུང་། འོན་ཀྱང་དབྱིན་ཇིའི་མི་དམངས་ཀྱི་གདམ་གར་བརྩི་འཇོག་བྱ་རྒྱུ་ཡིན། དབྱིན་ཇིས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ”རྗེས་ཡོ་རོབ་མནའ་འབྲེལ་དང་དམ་ཟབ་དང་ཕྱོགས་ཡོངས་ཀྱི་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་ཨེ་སོ་ནི་ཡས་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།