འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་རིམ་བཞིན་ཡུལ་སྐོར་བ་མང་དུ་འགྲོ་བའི་དུས་ཚིགས་འཆར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་31ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་གྱི་སྔ་དྲོ། ཉིང་ཁྲིར་མཉམ་འཛོམས་ཀྱིས་ཀྲུང་གོའི་དཔྱིད་ཀ་མཛེས་ཤོས་འཚོལ་ཞེས་པས་བརྗོད་བྱ་གཙོ་བོ་བྱས་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅོ་ལྔ་པ་དངོས་སུ་འགོ་ཚུགས་པ་དང་། ཡུལ་སྐོར་བ་ཁྲི་སྟོང་མང་པོའི་ཡིད་དབང་བཀུག་ཡོད་ཅིང་། བོད་དུ་རིམ་བཞིན་ཡུལ་སྐོར་བ་མང་དུ་འགྲོ་བའི་དུས་ཚིགས་འཆར་བ་མཚོན་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་འགྲོ་རྒྱུར་དམིགས་ནས་མུ་མཐུད་ཡུལ་སྐོར་གྱི་གནད་སྨིན་དབུལ་སྒྲོལ་ལ་དམ་འཛིན་ཡག་པོ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གསར་གཏོད་ལ་དམིགས་ནས་ཡུལ་སྐོར་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་དང་མཛེས་ལྗོངས་རྩེ་གྲ་ཅན་དུ་འགྱུར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་དམིགས་ཚད་ཁག་ལ་ཚད་བརྒལ་གསར་པ་ཡོང་བ་བྱ་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཡུལ་སྐོར་བའི་ཟ་སྡོད་སྐྱོད་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་སོགས་ཐད་ཀྱི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། རྒྱ་ཆེའི་ཡུལ་སྐོར་བ་ཚོར་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་བཏོད་དེ། ཡུལ་སྐོར་བ་ཚོ་བོད་དུ་བློ་བདེའི་ངང་ཡུལ་སྐོར་བྱེད་དུ་བཅུག་ཡོད། སྨྱན་སྦྱོར་གྱིས་བོད་ཀྱི་ཡུལ་སྐོར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་ཡུལ་སྐོར་བས་བོད་ཀྱི་ཡུལ་སྐོར་ལ་ངོས་འཛིན་གསར་པ་བྱུང་བ་དང་བསྟུན་ནས། བོད་དུ་ཡུལ་སྐོར་ལ་ཡོང་མཁན་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། རིམ་རྩིས་ལྟར་ན་ན་ནིང་ཁོ་ནར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2315.94ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་14.8%འཕར་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་བཙུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།