འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུར་སྐྱེད་གློག་བརྙན་《དར་རའི་ལང་ཚོ་》སེམས་ཀྱི་ཉི་ཟླར་པར་ལེན་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་31ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་དུས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གཞོན་ནུ་འཕེལ་རྒྱས་པུས་མཛུབ་ཁྲིད་དང་གུང་གཞོན་སྡེ་ཚོགས་བདེ་ཆེན་ཀྲོའུ་ཨུད་དང་། ཀྲེ་ཅང་ཨའོ་ཁྲོང་ཚོགས་པ། ཀྲེ་ཅང་ཝུའུ་པུའུ་རེན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་གཉེར་བའི“ལང་ཚོའི་ཉམས་བཟང”མངོན་པའི་མུ་སྦྲེལ་ཧུར་སྐྱེད་གློག་བརྙན་《དར་རའི་ལང་ཚོ་》སེམས་ཀྱི་ཉི་ཟླར་དངོས་སུ་པར་ལེན་བྱེད་འགོ་ཚུགས་པ་རེད།
           སྡེ་ཚོགས་ཀྲུང་དབྱང་གཞོན་ནུ་འཕེལ་རྒྱས་པུའི་སྐོར་གཟིགས་པ་གཞོན་པ་ལིའུ་ཀང་དང་བདེ་ཆེན་ཀྲོའུ་ཨུད་ཀྱི་རྒྱུན་ཨུ་ཀྲོའུ་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ལུའུ་པིང་པར་ལེན་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
           ལིའུ་ཀང་གིས་ལང་ཚོའི་ཉམས་བཟང་ཞེས་པའི་མུ་སྦྲེལ་ཧུར་སྐྱེད་གློག་བརྙན་གྱི་དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། “ཀྲུང་གོའི་ཕུགས་འདུན་དང་། ལས་གཏོད་ཀྱི་ཕུགས་འདུན། ངའི་ཕུགས་འདུན”བཅས་བརྗོད་བྱར་བྱས་ནས། གཞོན་ནུའི་གསར་གཏོད་དང་། གསར་སྐྲུན། ལས་གཏོད་བཅས་ཀྱི་འདུ་ཤེས་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ། གཞོན་ནུའི་ལས་གཏོད་ལག་ལེན་ཟབ་ཏུ་གཏོང་རྒྱུ་ཕྱོགས་སྟོན་དུ་བྱེད་པ་དང་། “དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”ཀྲུང་གོའི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་མ་དཔེར་བྱས་ནས“ལང་ཚོའི་ཉམས་བཟང”མངོན་པའི་ཀྲུང་གོའི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོའི་ནང་གི་གཞོན་ནུའི“གཉིས་གཏོད”དཔེ་མཚོན་སྔོག་འདོན་གང་ལེགས་བྱས་ནས་གཞོན་ནུ་ལས་གཏོད་པའི་གཏམ་རྒྱུད་ཤོད་པ་མ་ཟད། གསར་གཏོད་ལས་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དྲིལ་བསྒྲགས་ཀྱི་ནུས་པ་ཆེ་བ་དང་ཤུགས་རྐྱེན་ཐེབས་ཁྱོན་ཆེ་བའི་སྒོ་ནས་གཞོན་ནུའི་ལས་གཏོད་ལ་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱ་རྒྱུར་དགེ་མཚན་ལྡན་པའི་དྲིལ་བསྒྲགས་ཀྱི་ནུས་པ་ཆེན་པོ་ལྡན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།