འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྨན་བཅོས་རུ་ཁག་གིས་སེ་ནེ་ཀལ་ལ་སྨན་བཅོས་དངོས་ཟོག་ཞལ་འདེབས་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་31ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་སེ་ནེ་ཀལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་16པས་སེ་ནེ་ཀལ་ཕི་ཅིང་གྲོང་ཁྱེར་གྱི་ཕི་ཅིང་རྒྱལ་ཁབ་སྨན་བཅོས་ལྟེ་གནས་ལ་མི་དམངས་ཤོག་སྒོར་ཁྲི་74རི་བའི་སྨན་བཅོས་དངོས་ཟོག་ཞལ་འདེབས་བརྒྱབ་པ་རེད།
           ཞལ་འདེབས་རྒྱག་པའི་མཛད་སྒོ་ཕི་ཅིང་རྒྱལ་ཁབ་སྨན་བཅོས་ལྟེ་གནས་སུ་གཉེར་བ་རེད། སེ་ནེ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དཔལ་འབྱོར་ཚོང་དོན་ཚན་ཙན་ལུའི་དབྱི་ཕུང་དང་། ཕི་ཅིང་སྨན་བཅོས་ལྟེ་གནས་ཀྱི་ཡོན་ཀྲང་ཀའེ་དབྱི། སེ་ནེ་ཀལ་གྱི་འཕྲོད་བསྟེན་པུའི་འཐུས་མི་བཅས་བྱེད་སྒོར་ཞུགས་པ་རེད།
            ཀྲུང་གོས་1975ལོར་སེ་ནེ་ཀལ་ལ་སྨན་བཅོས་རུ་ཁག་ཐེངས་དང་པོ་བཏང་བ་དང་ད་བར་ཁག་ཐེངས་16གི་སྨན་བཅོས་རུ་མི་260ཡིས་སེ་ནེ་ཀལ་སྨན་བཅོས་ཁོངས་གཏོགས་ལ་རོགས་སྐྱོར་བྱས་ཡོད། རུ་མི་13ལས་གྲུབ་པའི་སེ་ནེ་ཀལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་16པ་2015ལོར་སེ་ནེ་ཀལ་དུ་བསྐྱོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།