འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་འཕུར་མདེལ་འགོག་པའི་གནད་དོན་དེ་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་
    དང་རྒྱལ་ཁབ་ཆེན་པོའི་དབར་ཕན་ཚུན་ཡིད་ཆེས་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་31ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་འཕུར་མདེལ་འགོག་པའི་གནད་དོན་དེ་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་དང་རྒྱལ་ཁབ་ཆེན་པོའི་དབར་ཕན་ཚུན་ཡིད་ཆེས་དང་འབྲེལ་བ་ཡོད་པས་ངེས་པར་དུ་གཟབ་ནན་ངང་ཐག་གཅོད་བྱེད་དགོས་ཞེས་གསུངས་ཤིང་། ཁོང་གིས་འབྲེལ་ཡོད་ཕྱོགས་ཀྱིས་ཀྲུང་གོ་ཚུད་པའི་ས་ཁུལ་གྱི་རྒྱལ་ཁབ་ཀྱིས་ལུགས་དང་མཐུན་པའི་དོ་ཁུར་བྱེད་པར་མཐོང་ཆེན་བྱས་ཏེ་ཧན་གོར“ས་ཏེ”འཕུར་མདེལ་འགོག་པའི་མ་ལག་བཀོད་སྒྲིག་བྱེད་མཚམས་འཇོག་དགོས་པའི་བླང་བྱ་སླར་ཡང་བཏོན་པ་རེད།
             ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས། གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུ་ལུའོ་ཕུའུ་ཡིས་ཚེས་28ཉིན་ཨུ་རུ་སུ་དང་ཀྲུང་གོས་ཧན་གོར་ཨ་རིའི་འཕུར་མདེལ་འགོག་པའི་མ་ལག་འཛུགས་པར་ངོ་རྒོལ་བྱས་ཡོད། “ས་ཏེའི”མ་ལག་ཚུད་པའི་ཨ་རིའི་འཕུར་མདེལ་འགོག་པའི་མ་ལག་གི་ནུས་པའི་ཤུགས་རྐྱེན་ངན་པ་ས་ཁུལ་གྱི་བདེ་འཇགས་ལ་ཐེབས་རྒྱུ་རེད་ཅེས་གསུངས་ཡོད། ཉིན་དེར་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་རི་ནེ་ཝར་འཕུར་མདེལ་འགོག་པའི་གནད་དོན་སྐོར་གྱི་མཉམ་འབྲེལ་བརྡ་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་དེ་ཐོག་ནས་ཀྱང་འཕུར་མདེལ་འགོག་པ་དང“ས་ཏེའི”གནད་དོན་ཐད་ཀྱི་ཐུན་མོང་གི་ལངས་ཕྱོགས་གསལ་པོར་མཚོན་གྱི་ཡོད། ཨ་རིས་ཧན་གོར“ས་ཏེ”བཀོད་སྒྲིག་བྱེད་པ་ནི་ཨ་རིའི་གོ་ལ་ཧྲིལ་པོའི་འཕུར་མདེལ་འགོག་པའི་ནུས་པ་ཆེ་རུ་གཏོང་བའི་ཆེད་དུ་ཡིན་པ་ཀྲུང་གོས་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེས་གསར་འགོད་པ་ཞིག་གིས་དྲིས་པར།
           ལུའུ་ཁང་གིས་ཀྲུང་གོས་སྔར་ནས་ད་བར་དུ་འཕུར་མདེལ་འགོག་པའི་གནད་དོན་དེ་ནི་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་དང་རྒྱལ་ཁབ་ཆེན་པོའི་དབར་གྱི་ཕན་ཚུན་ཡིད་ཆེས་དང་འབྲེལ་བ་ཡོད་པས་ངེས་པར་དུ་གཟབ་ནན་ངང་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་ཁག་གིས་སོ་སོའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་ལ་བསམ་གཞིག་བྱེད་དགོས་ལ། བདེ་འཇགས་ཐད་རྒྱལ་ཁབ་གཞན་གྱིས་དོ་ཁུར་བྱེད་པར་བརྩི་འཇོག་ཀྱང་བྱས་ཏེ་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པ་དང་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་གནོད་སྐྱོན་མི་ཕོག་པ་བྱེད་དགོས་པའི་རྩ་དོན་གཞིར་བཟུང་། ཞི་བདེ་བརྟན་ལྷིང་དང་། འདྲ་མཉམ་ཡིད་ཆེས། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་བདེ་འཇགས་ཁོར་ཡུག་ཐུན་མོང་ཐོག་གཏོད་དགོས་ཞེས་བཤད།
           ལུའུ་ཁང་གིས་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་གལ་སྲིད་སོ་སོ་རྦད་དེ་བདེ་འཇགས་ལྡན་རྒྱུའི་བརྩོན་ལེན་ཁོ་ན་བྱས་ཏེ་ཕྱོགས་རྐྱང་པ་ནས་འཕུར་མདེལ་འགོག་པའི་མ་ལག་གོ་ལ་ཧྲིལ་པོར་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ན། ཉིང་རྡུལ་དམག་ཤུགས་ཉུང་དུ་གཏོང་བའི་བརྒྱུད་རིམ་ལ་འགལ་རྐྱེན་ཚབས་ཆེན་ཕོག་པ་དང་། ཁ་གཏད་དུ་ལངས་པ་དང་ཐ་ན་དམག་ཤུགས་འགྲན་བསྡུར་གྱི་གནས་ཚུལ་ཐོན་ནས་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་འཐབ་ཇུས་བརྟན་ལྷིང་ལ་གཏོར་སྐྱོན་ཕོག་རྒྱུ་རེད་ཅེས་བཤད།
           ལུའུ་ཁང་གིས་ཀྲུང་གོས་སྔར་ནས་ད་བར་ཨ་རིས་ས་ཁུལ་དེ་གར་འཐབ་ཁུལ་འཕུར་མདེལ་འགོག་པའི་མ་ལག་འཛུགས་པར་ངོ་རྒོལ་བྱེད་ཀྱི་ཡོད། ཨ་རིས་ཧན་གོར“ས་ཏེ”འཕུར་མདེལ་འགོག་ཟོན་མ་ལག་འཛུགས་པ་ནི་ཨ་རིས་གོ་ལ་ཧྲིལ་པོའི་འཕུར་མདེལ་འགོག་ཟོན་མ་ལག་ལ་ཤུགས་སྣོན་བརྒྱབ་པའི་ཆ་ཤས་ཤིག་ཡིན་པ་དེ་ཨེ་ཤ་ཡ་བྱང་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འབྲེལ་བ་ཡོད་པ་ཞིག་རེད། བྱེད་ཐབས་དེ་ལས་འབྲེལ་ཡོད་རྒྱལ་ཁབ་ས་ཁུལ་གྱི་འཐབ་ཇུས་དོ་སྙོམས་མེད་པ་བཟོ་བའི་འཕེལ་རིམ་ནང་ཚུད་པ་ནི་བཀྲ་མ་ཤིས་པ་ཞིག་རེད་ཅེས་གསུངས།
           “ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ལ་ཀྲུང་གོ་ཚུད་པའི་ས་ཁུལ་དང་རྒྱལ་ཁབ་ཀྱིས་ལུགས་དང་མཐུན་པའི་དོ་ཁུར་བྱེད་པར་མཐོང་ཆེན་བྱེད་པ་དང་། རང་ངོས་ཀྱི་རྩ་བའི་ཁེ་ཕན་ལའང་བསམ་གཞིག་བྱས་ཏེ་འབྲེལ་ཡོད་བཀོད་སྒྲིག་ལས་དོན་སྤེལ་མཚམས་འཇོག་དགོས་པའི་བླང་བྱ་སླར་ཡང་འདོན་རྒྱུ་ཡིན”ཞེས་ཁོང་གིས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།