འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོང་དབྱང་ནས་ཏན་ཏུང་བར་གྱི་རྒྱལ་སྤྱིའི་བོགས་རླངས་གནམ་གྲུའི་མཁའ་ལམ་དངོས་སུ་
    ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་31ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་ཁྲའོ་ཞན་གྱི་ཕོང་དབྱང་དང་ཀྲུང་གོའི་ཏན་ཏུང་བར་གྱི་རྒྱལ་སྤྱིའི་བོགས་བླངས་གནམ་གྲུའི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་། གནམ་གྲུ་ཐེངས་དང་པོ་འཕུར་བའི་མཛད་སྒོ་ཕོང་དབྱང་ཧྲུན་ཨན་རྒྱལ་སྤྱིའི་གནམ་ཐང་དུ་གཉེར་བ་རེད།
            ཉིན་དེའི་ཉིན་གུང་ཁྲའོ་ཞན་ཀའོ་ལི་མཁའ་འགྲུལ་གྱིས་འཕུར་འགན་ཁུར་བའི་གནམ་གྲུའི་ཨང་རྟགས་P—671བྱས་པའི་དུས་གཏན་གནམ་གྲུ་ཕོང་དབྱང་ཧྲུན་ཨན་རྒྱལ་སྤྱིའི་གནམ་ཐང་གི་གནམ་གྲུའི་བབས་ཚུགས་2པར་བརྟན་པོའི་ངང་བབས་པ་དང་། གནམ་གྲུའི་སྒོ་ཕྱེ་བ་དང་སྦྲགས་ཕོང་དབྱང་ནས་ཏན་ཏུང་བར་གྱི་བོགས་བླངས་གནམ་གྲུའི་མཁའ་ལམ་གྱི་འགྲུལ་པ་ཐོག་མ་ས་གནས་ས་ཐོག་གི་དགའ་འབོད་སྒྲ་དང་མེ་ཏོག་ཚོམ་བུའི་ཁྲོད་ཁྲའོ་ཞན་དུ་འབྱོར་བ་རེད།
          ཁྲའོ་ཞན་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གི་ལས་སྒོའི་ཅིང་ལི་ལི་ཀོང་རེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མཁའ་ལམ་དེ་ནི་དུས་སྒོ་ངེས་མེད་ཀྱི་མཁའ་ལམ་ཡིན་པ་དང་མིག་སྔར་གཟའ་འཁོར་རེའི་གཟའ་མིག་དམར་དང་པ་སངས་ལ་གནམ་གྲུང་ཐེངས་རེ་འཕུར་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།