འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་རོ་ཁོའི་ཁུང་ཙི་སློབ་གླིང་གསུམ་པའི་སྒོ་བྱང་དངོས་སུ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་31ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་མོ་རོ་ཁོ་ཕྱོགས་གཉིས་པོས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་ཚེས་28ཉིན་མོ་རོ་ཁོའི་ཏན་ཅེའར་ཁུང་ཙི་སློབ་གླིང་གི་སྒོ་བྱང་དངོས་སུ་ཕྱེ་བ་དེ་ཐོག་ནས་མོ་རོ་ཁོ་དེ་ཉིད་ཨ་རབ་རྒྱལ་ཁབ་ནང་ཁུང་ཙིའི་སློབ་གླིང་གསུམ་ཡོད་པའི་རྒྱལ་ཁབ་དང་པོར་གྱུར་པ་མཚོན་ཡོད་པ་རེད།
           ཏན་ཅེའར་ཁུང་ཙི་སློབ་གླིང་ནི་ཀྲུང་གོའི་རྒྱའི་སྐད་ཡིག་རྒྱལ་སྤྱི་ཁྱབ་གདལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་། ཀྲུང་གོ་ཅང་ཤིས་ཚན་རྩལ་དགེ་འོས་སློབ་ཆེན། མོ་རོ་ཁོའི་ཨ་ཕུའུ་ཏུའུ་ལི—མ་ལི་ཁེ·ཨ་ས་ཏི་སློབ་ཆེན་བཅས་ཀྱིས་མཉམ་དུ་བཙུགས་པ་ཞིག་ཡིན་ཞིང་། སློབ་གླིང་དེས་ཏན་ཅེའར་དང་ཏེ་ཐུའུ་ཨན་སོགས་མོ་རོ་ཁོའི་བྱང་ཕྱོགས་གྲོང་ཁྱེར་གྱི་སློབ་གླིང་མང་པོ་ཞིག་ལ་རྒྱ་ཡིག་དང་ཀྲུང་གོའི་རིག་གནས་ཀྱི་སློབ་གསོ་གསོ་སྦྱོང་གི་ལས་དོན་སྤེལ་གྱི་ཡོད། སློབ་མ་ནི་ཚན་རིག་སློབ་གླིང་ཚན་ཁག་དང་། དགེ་འོས་སློབ་གླིང་ཚན་ཁག ཚོང་ལས་དོ་དམ་སློབ་གླིང་ཚན་ཁག ཡིག་སྒྱུར་སློབ་གླིང་ཚན་ཁག་སོགས་ནས་ཡིན་པ་རེད།
           ཉེ་བའི་ལོ་ཤས་རིང་མོ་རོ་ཁོས་སྔ་རྗེས་སུ་བཙུགས་པའི་ཁུང་ཙི་སློབ་གླིང་གཉིས་པོ་ནི་རྒྱལ་ས་ར་པ་ཐེ་རུ་ཡོད་པའི་མའོ་ཧན་མའོ་ཏེ་སྐུ་ཕྲེང་ལྔ་པའི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་དང་དཔལ་འབྱོར་ལྟེ་བའི་ཁུལ་དུ་གནས་པའི་ཁཱ་ས་པུའུ་ལན་ཁཱ་ཧ་སང་སྐུ་ཕྲེང་གཉིས་པའི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་ཡིན། དེ་དང་ཆབས་ཅིག་འདི་ལོའི་ཟླ་བ་གཉིས་པར་ཧ་སང་སྐུ་ཕྲེང་གཉིས་པའི་སློབ་ཆེན་གྱིས་མའོ་ཧ་མའོ་ཏེ་སྐུ་ཕྲེང་ལྔ་པའི་སློབ་ཆེན་གྱི་རྗེས་སུ་རྒྱ་ཡིག་ཆེད་ལས་སློབ་ཚན་བཙུགས་པའི་དམིགས་ཡུལ་ནི་མོ་རོ་ཁོར་མཐོ་རིམ་རྒྱ་ཡིག་ཆེད་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྦྱོང་བྱ་ཆེད་དུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།