འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།འགག་སྒོ་སོགས་སྡེ་ཚན་གྱིས་ཕྱིར་གཏོང་ནང་འདྲེན་གྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་སྐུལ་
    འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ལི་གོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཐིང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། མི་དམངས་དངུལ་ཁང་། འགག་སྒོ་སྤྱི་ཁྱབ་ཧྲུའུ་སོགས་སྡེ་ཚན་33གྱིས་མཉམ་དུ་མིང་རྟགས་བཀོད་པའི་《འགག་སྒོའི་ཡིད་རྟོན་ཤོར་བའི་ཁེ་ལས་ལ་མཉམ་འབྲེལ་ཐོག་ཆད་གཅོད་བསླབ་འདོམས་བྱ་རྒྱུའི་སྐོར་གྱི་མཉམ་ལས་དྲན་ཐོ་》དངོས་སུ་ཕྱིར་ཁྱབ་བསྒྲགས་བྱས་པ་རེད། དེ་ནི་ན་ནིང་སྡེ་ཚན་40ཡིས་འགག་སྒོའི་མཐོ་རིམ་བདེན་དཔང་ར་སྤྲོད་ཐོབ་པའི་ཁེ་ལས་ལ་མཉམ་དུ་སྐུལ་ལྕག་བྱས་རྗེས་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་དེའི་ཐོག་ནས་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཡིད་རྟོན་མ་ལག་འཛུགས་སྐུན་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད་ཅེས་བཤད་པ་རེད།
             ལི་གོས་ད་ཐེངས་ཁྱབ་བསྒྲགས་བྱས་པའི་《མཉམ་ལས་དྲན་ཐོ་》ལས་སྡེ་ཚན་དབར་གཞོགས་འདེགས་བྱེད་ཤུགས་ཆེ་བ་དང་། མཉམ་འབྲེལ་ཐོག་ཆད་གཅོད་བསླབ་འདོམས་བྱ་ཐབས་ནན་པ། ཆད་གཅོད་བསླབ་འདོམས་བྱེད་ཁོངས་རྒྱ་ཆེ་བ་བཅས་མངོན་ཡོད། ཆད་གཅོད་བསླབ་འདོམས་བྱ་ཡུལ་ནང་ཡིད་རྟོན་ཤོར་བའི་ཁེ་ལས་ཚུད་པ་མ་ཟད། ཁེ་ལས་ཀྱི་ཁྲིམས་གཏན་འཁེལ་བའི་འཐུས་མི་(འགན་འཁུར་བ)དང་། ཏུང་ཧྲི། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ཚུད་ཡོད་པས་ཡིད་རྟོན་ཤོར་བའི་ཁེ་ལས་ཆད་གཅོད་ལས་གཡོལ་རྒྱུ་གཏན་འགོག་ཧུར་ཐག་བྱས་ཡོད། ཕྱིར་གཏོང་ནང་འདྲེན་ཁེ་ལས་འགག་སྒོས་ཡིད་རྟོན་ཤོར་བའི་ཁེ་ལས་སུ་ངོས་འཛིན་བྱས་ཚེ་རྒྱལ་ཡོངས་ཀྱི་འགག་སྒོ་ཚང་མ་དང་ཐ་ན་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་ཚང་མའི་ནང་ཡིད་རྟོན་ཤོར་བའི་ཁྱབ་བསྒྲགས་བྱས་ནས“ཕྱོགས་གཅིག་ཡིད་རྟོན་ཤོར་ཚེ་ཕྱོགས་གང་སར་འགོག་རྐྱེན་ཕོག་པའི”ཡིད་རྟོན་གྱི་ཆད་གཅོད་བསླབ་འདོམས་བཟོ་བའི་རྣམ་པ་ཞིག་སྤྱིར་ན་ཆགས་པ་བྱ་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།