འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཙམ་པ་པབ་ཝེ་རྒྱལ་ཁབ་ཏུ་དྲག་ཆར་རྒྱུན་ཆད་མེད་པར་བབས་ནས་འདར་ནད་གང་སར་
    མཆེད་པས་མི་151གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་29ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་ཙམ་པ་པབ་ཝེ་རྒྱལ་ཁབ་སྲིད་གཞུང་གིས་བརྗོད་པ་ལྟར་ན། དྲག་ཆར་རྒྱུན་ཆད་མེད་པར་བབས་ཤིང་དུག་སྦྲང་འབོར་ཆེན་སྐྱེ་འཕེལ་བྱུང་བས། རྒྱལ་ནང་དུ་འདར་ནད་གང་སར་མཆེད་ཅིང་། མིག་སྔའི་བར་དུ་འདར་ནད་ཕོག་མཁན་མི་9000ཡོད་ཅིང་། དེའི་ཁྲོད་ནས་མི་151གྲོངས་པ་རེད།
         ཚེས་27ཉིན་གྱི་དགོང་མོར་ཙམ་པ་པབ་ཝེ་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡི་འདར་ནད་སྔོན་འགོག་ལྟེ་གནས་ཀྱི་ཀྲུང་རེན་ཡུའེ་སེ་ཧྥུ་ཡིས་ཧྥ་རན་སི་ཤིན་ཧྭ་གསར་འགྱུར་ཁང་ལ་ད་ལོ་ནས་བཟུང་ཙམ་པ་པབ་ཝེ་རྒྱལ་ཁབ་ཏུ་དྲག་ཆར་རྒྱུན་ཆད་མེད་པར་བབས་པས། ཆུ་ལོག་བྱུང་བ་མ་ཟད་ད་དུང་དུག་སྦྲང་འབོར་ཆེན་སྐྱེ་འཕེལ་བྱུང་ནས་འདར་ནད་ཙམ་པ་པབ་ཝེ་རྒྱལ་ཁབ་གང་སར་མཆེད་ཅིང་། ཉེ་བའི་ཟླ་གཉིས་རིང་ལ་རྒྱལ་ཡོངས་སུ་ཁྱོན་ཐོ་འགོད་བྱས་པའི་འདར་ནད་འགོས་པའི་ནད་པ་89216ཡོད་ཅིང་། དེ་དག་ཁྲོད་དུ་མི་151གྲོངས་ཡོད་ཅེས་བརྗོད་པ་རེད།
         ཡུའེ་སེ་ཧྥུ་ཡིས་དྲག་ཆར་བབས་རྗེས་འདར་ནད་འགོས་པའི་མི་གྲངས་ད་དུང་མུ་མཐུད་འཕར་སྲིད་པ་དང་། ས་ཁུལ་ཁ་ཤས་དང་ཁྱད་པར་དུ་ལྷོ་ཕྱོགས་ས་ཁུལ་དུ་སྨན་བཅོས་སྒྲིག་བཀོད་མི་འདང་བ་དང་། ལུས་ཁམས་བདེ་སྲུང་བྱ་ཐབས་ཐད་གནད་དོན་ཡོད་པའི་རྐྱེན་གྱིས་འདར་ནད་ཕོག་པ་ལས་གྲོངས་པའི་མི་གྲངས་ཀྱང་ཇེ་མང་འགྲོ་སྲིད་མོད། འོན་ཀྱང་སྲིད་གཞུང་གིས་མྱུར་སྐྱོབ་བྱ་སྤྱོད་སྤེལ་ནས་རྐྱེན་ལམ་དུ་ཤོར་བ་ཉུང་དུ་གཏོང་གང་ཐུབ་བྱ་རྒྱུ་རེད་ཅེས་ནན་བཤད་བྱས་པ་རེད
      

    ཕྱོགས་བསྡུས་གསར་འགྱུར།