འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡཱང་པི་རུ་ས་ཡོམ་རིམ་པ"5.1"བརྒྱབ་སྟེ་མི་གྲངས་15786ལ་གནོད་འཚེ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་29ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡཱང་པི་རུ་ས་ཡོམ་རིམ་པ'5.1'བརྒྱབ་སྟེ་མི་གྲངས་15786ལ་གནོད་འཚེ་བྱུང་བ།
            མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ཡཱང་པི་དབྱིས་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གི་གཞུང་ལས་ཁང་གིས་བརྡ་འཕྲིན་སྤེལ་བར་གཞིགས་ན། ཟླ་3ཚེས་27ཉིན་གྱི་ཆུ་ཚོད་18:00བར། ཡཱང་པི་རུ་ས་ཡོམ་རིམ་པ"5.1"བརྒྱབ་སྟེ། རྫོང་ཡོངས་ཀྱི་གྲོང་རྡལ་8དང་། དུད་ཁྱིམ་3501 མི་15786ལ་གནོད་འཚེ་བྱུང་བ་དང་། སྡོད་ཁང་7503རྡིབ་སྐྱོན་དང་གས་ཆག་ཤོར་ཡོད་པ་རེད། བསྡོམས་རྩིས་རག་ཙམ་བརྒྱབ་པར་གཞིགས་ན། ས་ཡོམ་འདི་ལས་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་2.021ཙམ་བྱུང་ཡོད་པ་རེད།
             ཟླ་3ཚེས་27ཉིན་གྱི་ཆུ་ཚོད་7དང་སྐར་མ་40ནས་ཆུ་ཚོད་9དང་སྐར་མ་10བར། ཡཱང་པི་རྫོང་ཡཱང་ཅང་གྲོང་རྡལ་རྒྱུད་དུ་བསྟུད་མར་ས་ཡོམ་ཐེངས་བཞི་བྱུང་ཞིང་། དེའི་ནང་ས་ཡོམ་རིམ་པ་3.0ནས་3.9བར་ཐེངས་གཅིག་དང་། ས་ཡོམ་རིམ་པ་4.0ནས་4.9བར་ཐེངས་གཉིས། ས་ཡོམ་རིམ་པ་5.0ནས་5.9བར་ཐེངས་གཅིག་བཅས་བྱུང་ལ། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་12ཡོད་པ་རེད།
           ས་ཡོམ་བྱུང་རྗེས། ཡཱང་པི་རྫོང་གིས་འཕྲལ་མར་ས་ཡོམ་འཕྲལ་སྡོམ་ཇུས་གཞི་Ⅲརིམ་པ་ལག་བསྟར་བྱས་ཏེ་རྫོང་སྲིད་གཞུང་གི་གཞུང་ལས་ཁང་དང་། ས་ཡོམ་ཅུས། དམངས་སྲིད་ཅུས། སྡོད་ཁང་འཛུགས་སྐྲུན་ཅུས་སོགས་པའི་སྡེ་ཁག་གིས་དུས་ཐོག་ཏུ་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་བཙུགས་པ་དང་། ཁོངས་གཏོགས་སུ་ཕྱོགས་བསྡུས་སྙོམས་སྒྲིག་ཚོགས་པ་དང་། ཉེན་འགོག་མྱུར་སྐྱོབ་ཚོགས་པ། མང་ཚོགས་ཀྱི་འཚོ་བ་འགན་སྲུང་ཚོགས་པ། སྨན་བཅོས་རིམ་འགོག་སོགས་ཀྱི་ལས་དོན་ཚོ་ཆུང་བཙུགས་ནས་འཕྲལ་མར་གེགས་ཁུལ་འཐབ་ར་དང་པོར་ཡོམ་འགོག་ཉེན་སྐྱོབ་དང་མྱུར་སྐྱོབ་ལས་དོན་སྤེལ་བ་རེད། ད་ལྟ། སྦྲ་གུར་50དང་། ཉལ་གོས་དང་ཉལ་ཁྲི་300 ལྭ་རིང་100 ཟས་རིགས་སྒམ་100 འབྲས་རྒྱ་མ་1000སོགས་གེགས་ཁུལ་དུ་བསྐྱལ་རྒྱུའི་སྒྲིག་འཛུགས་བྱས་ཡོད་པ་རེད།
    ༄༅།།ཡཱང་པི་རུ་ས་ཡོམ་རིམ་པ'5.1'བརྒྱབ་སྟེ་མི་གྲངས་15786ལ་གནོད་འཚེ་བྱུང་བ།
    ༄༅།།ཡཱང་པི་རུ་ས་ཡོམ་རིམ་པ'5.1'བརྒྱབ་སྟེ་མི་གྲངས་15786ལ་གནོད་འཚེ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།