འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རེ་བ་ལྡན་པའི་ཞིང་ཁ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་29ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རེ་བ་ལྡན་པའི་ཞིང་ཁ།
         མི་དམངས་དྲ་བའི་འཕྲིན། དགུན་ཉལ་ལས་སད་པའི་མཚོ་བོད་མཐོ་སྒང་ནི་ལྗང་མིན་སྐྱ་མིན་གྱི་གོས་རྒྱན་ཐ་རེ་ཐོ་རེ་ཡོད་པ་དེས་དགུན་ཆས་སྐྱ་ཐིང་ཐིང་གི་ཚབ་བྱེད་བཞིན་ཡོད་ཅིང་། ལོ་རེའི་དཔྱིད་དུས་སུ་དཔྱིད་འདེབས་བྱ་རྒྱུའི་ཉིན་མོ་ནི་བོད་རྩིས་ཀྱི་དུས་ཚིགས་དང་གནམ་གཤིས་སྔོན་དཔག་དང་ས་གནས་དེ་གའི་གནམ་གཤིས་ལས་འགྲེ་རྩིས་བྱེད་ཀྱི་ཡོད་པ་རེད། ལོ་རེའི་དཔྱིད་དུས་སུ་མཚམས་རེར་གྲང་ཞིང་མཚམས་རེར་དྲོ་བའི་གནམ་གཤིས་བསྟན་ཏེ་འགྱུར་བ་མྱུར་ཚད་བསམ་ཡུལ་ལས་འདས་མོད། འོན་ཀྱང་དཔྱིད་འདེབས་གོང་གི་གྲ་སྒྲིག་ལས་ཀ་ནི་སྤུ་ཙམ་ཡང་ཉུང་དུ་གཏོང་མི་རུང་བ་རེད།
          དཔྱིད་འདེབས་བྱེད་འགོ་མ་ཚུགས་གོང་གི་ཉིན་གསུམ་བཞི་ལ། ཁྱིམ་ཚང་སོ་སོ་ཚང་མས་ནས་ཆང་སྙལ་བ་མ་ཟད་རྨོན་མཛོ་ལ་རྒྱན་ཆས་ཀྱང་གྲ་སྒྲིག་བྱེད་ཀྱི་ཡོད། དཔྱིད་འདེབས་བྱེད་འགོ་ཚུགས་པའི་ཉིན་དེར། ཁྱིམ་མི་ཚང་མས་དུས་ཆེན་གྱི་གཟབ་མཆོར་སྤྲས་པ་དང་། རྨོན་མཛོ་དང་འདྲུད་འཐེན་འཕྲུལ་འཁོར་ལའང་རྒྱན་གྱིས་སྤྲས་ཡོད་པ་སྟེ། རྨོན་མཛོ་ཡི་གདོང་ལ་ཚོན་མར་བྱུགས་ལ་རྭ་ཅོ་ལའང་སྣུམ་བྱུགས་ནས་འོད་ལམ་ལམ་བྱེད་ཡོད་པ་རེད། རྭ་ཅོའི་སྟེང་ལ་ཚོན་ལྡན་དབྱུག་པ་བསྡོམས་ཡོད་ལ། ཚོན་ལྡན་དབྱུག་པའི་སྟེང་རླུང་གིས་སྐྱོད་པའི་དར་ཚོན་སྣ་ལྔ་ཡང་བཏགས་ཡོད་པ་དང་། ལ་ལས་ད་དུང་ཚོན་དམར་བྱུགས་ཡོད་པའི་ནོར་གྱི་རྔ་མ་བཏགས་ཡོད་པས། ཐག་རིང་ནས་བལྟས་ན་མེ་ཕུང་སྦར་བ་དང་མཚུངས་པ་ཡོད། གོང་གི་པར་རིས་ནི་ལྷ་ས་གྲོང་ཁྱེར་མལ་གྲོལ་གོང་དཀར་རྫོང་ཐང་སྐྱ་ཤང་འབྲོག་གྲོང་ཚོའི་དཔྱིད་འདེབས་བྱེད་འགོ་ཚུགས་པའི་མཛད་སྒོ་གཤོམ་ཡུལ་དངོས་ཡིན་པ་རེད། 
    【1】  【2】
    ལྷ་ས་གྲོང་ཁྱེར་ཆུ་ཤུལ་རྫོང་གསུམ་ལྡན་གྲོང་ཚོའི་དཔྱིད་འདེབས་མཛད་སྒོ་ཐོག་གྲོང་མི་ཚོས་བསང་བཏང་བ་དང་ཆང་འབུལ་བ་སོགས་ཀྱི་ཐོག་ནས་ད་ལོར་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་འདེབས་པ།
    ལྷ་ས་གྲོང་ཁྱེར་ཆུ་ཤུལ་རྫོང་གསུམ་ལྡན་གྲོང་ཚོའི་དཔྱིད་འདེབས་མཛད་སྒོ་ཐོག་གྲོང་མི་ཚོས་བསང་བཏང་བ་དང་ཆང་འབུལ་བ་སོགས་ཀྱི་ཐོག་ནས་ད་ལོར་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་འདེབས་པ།
    ལྷ་ས་གྲོང་ཁྱེར་མལ་གྲོལ་གོང་དཀར་རྫོང་ཐང་སྐྱ་ཤང་འབྲོག་གྲོང་ཚོའི་གྲོང་མི་ཚོས་དཔྱིད་འདེབས་མཛད་སྒོ་ཐོག་ཕན་ཚུན་དུ་ཕྱེ་མར་ཕུལ་བ།
    ལྷ་ས་གྲོང་ཁྱེར་མལ་གྲོལ་གོང་དཀར་རྫོང་ཐང་སྐྱ་ཤང་འབྲོག་གྲོང་ཚོའི་གྲོང་མི་ཚོས་དཔྱིད་འདེབས་མཛད་སྒོ་ཐོག་ཕན་ཚུན་དུ་ཕྱེ་མར་ཕུལ་བ།
      

    ཕྱོགས་བསྡུས་གསར་འགྱུར།