འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ལྗོངས་འཐུས་མི་ཚོགས་པས་དབྱིན་ཇིར་
    འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་29ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་ནས་ཚེས་28ཉིན་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས་ཀྱིས་སྣེ་ཁྲིད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་དབྱིན་ཇིའི་མན་ཁྲུ་སི་ཐེ་དང་ལོན་ཏོན་གྲོང་ཁྱེར་དུ་མཚམས་འདྲི་བྱས་ཤིང་། དབྱིན་ཇིའི་དབྱི་ཧུའེ་གྲོས་ཚོགས་དང་། སློབ་གྲྭ་ཆེན་མོ། སྨྱན་སྦྱོར་ལས་ཁུངས་སོགས་སྤྱི་ཚོགས་ལས་རིགས་ཁག་དང་སྤེལ་རེས་བྱས་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་རེད།
         མན་ཁྲུ་སི་ཐེ་གྲོང་ཁྱེར་དུ་འཐུས་མི་ཚོགས་པས་མན་ཁྲུ་སི་ཐེ་གྲོང་ཁྱེར་གྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཞིའུ་•མོ་ཧྥེ་དང་ཐུག་འཕྲད་བྱས་པ་རེད། ལོན་ཏོན་གྲོང་ཁྱེར་དུ་འཐུས་མི་ཚོགས་པས་དབྱིན་ཇིའི་དབྱི་ཧུའེ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ལོན་ཐེ་དང་། དབྱི་ཧུའེ་གྲོས་ཚོགས་ཀྱི་ཏང་ཤོག་ལས་བརྒལ་བའི་ཀྲུང་གོའི་ཚོགས་ཆུང་གི་ཀྲུའུ་ཞི་ཀེ་ལེ་ཨེ་མུའུ་དང་ཚོགས་ཆུང་གི་ཚོགས་མི་བཅས་དང་ཐུག་འཕྲད་བྱས་པ་མ་ཟད་བཞུགས་མོལ་ཡང་བྱས་པ་རེད། འཐུས་མི་ཚོགས་པས་ད་དུང་དབྱིན་ཇིའི་གཙོ་ཁྲིད་སྨྱན་སྦྱོར་ལས་ཁུངས་དང་རིག་མཛོད་ཀྱི་འཐུས་མི་དང་སྤེལ་རེས་ཀྱང་བྱས་པ་རེད། 
         པད་མ་འཕྲིན་ལས་ཀྱིས་ད་ལོ་ནི་ཀྲུང་དབྱིན་རྒྱལ་ཁབ་གཉིས་བར་གཞུང་ཚབ་ཆེན་མོ་རིམ་པའི་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་ངོ་45འཁོར་བའི་ལོ་ཡིན་ལ། ཀྲུང་དབྱིན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ"རྫོགས་ལྡན་དུས་རབས"སུ་འཕེལ་རྒྱས་གཏིང་ཟབ་ཏུ་བྱུང་བའི་ལོ་ཡང་ཡིན་ཞིང་། རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་དཔལ་འབྱོར་རིག་གནས་སྤེལ་རེས་ཉིན་རེ་བཞིན་དམ་དུ་འགྲོ་བཞིན་ཡོད་ཅེས་བསྟན་པ་དང་། ཁོང་གིས་ཐེངས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པ་དབྱིན་ཇིར་འཚམས་འདྲི་བྱེད་པར་ཡོང་བ་ནི་མཛའ་མཐུན་ལྡན་པའི་ཡུལ་སྐོར་ཐེངས་ཤིག་ཡིན་ཞིང་། དབྱིན་ཇིའི་ལས་རིགས་ཁག་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ངོ་སྤྲོད་བྱས་ནས་རྒྱལ་ཁབ་གཉིས་བར་དང་དབྱི་ཧུའེ་གྲོས་ཚོགས་བར་ཀྱི་ཁྱབ་ཁོངས་ཁག་གི་གྲོས་མོལ་སྤེལ་རེས་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ཀྱང་བསྟན་པ་རེད།
         དབྱིན་ཇི་ཕྱོགས་ཀྱིས་ཉེ་བའི་ལོ་ཤས་རིང་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་རྒྱས་གཟེངས་སུ་ཐོན་པ་བྱུང་ཡོད་མོད། འོན་ཀྱང་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ལས་ཁུངས་ཀྱིས་བོད་ལྗོངས་ཀྱི་གནས་ཚུལ་གནས་འཕྲིན་སྤེལ་བ་དོ་མཉམ་མིན་པ་དང་ཕྱི་རོལ་ཡུལ་དང་མི་མཐུན་པས། འཐུས་མི་ཚོགས་པ་ཡོང་བ་དེས་དབྱིན་ཇིའི་ལས་རིགས་ཁག་ལ་བོད་ལྗོངས་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་བྱེད་དུ་བཅུག་པས། དབྱིན་ཀྲུང་ཕྱོགས་གཉིས་ཀས་དབྱི་ཧུའེ་གྲོས་ཚོགས་བར་གྱི་སྤེལ་རེས་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས་དབྱིན་ཀྲུང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་གོང་དུ་འཕེལ་བར་སྐུལ་སྤེལ་སྔར་ལས་ལྷག་པར་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད། 
         འཐུས་མི་ཚོགས་པས་ད་དུང་ལོན་ཏོན་དུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་དང་སྤེལ་རེས་བྱས་པ་མ་ཟད། ཝེ་སི་མིང་སི་ཐེ་སློབ་ཆེན་གྱི་བོད་རིག་པ་མཁས་པ་དང་དགེ་སློབ་ཁ་ཤས་དང་བཞུགས་མོལ་བྱས་པ་དང་། ཁོང་ཚོས་བཏོན་པའི་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། དབུལ་སྐྱོར། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་། ཆོས་དད་རང་མོས་སོགས་སྐོར་གྱི་གནད་དོན་ལ་དྲིས་ལན་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།