འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་རྒྱལ་མོ་ཡིས་དབུ་བཞུགས་བློན་ཆེན་ལ་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་གྱི་ལས་
    རིམ་བསྒྲུབ་དབང་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱིན་ཇིའི་རྒྱལ་མོ་ཡིས་དབུ་བཞུགས་བློན་ཆེན་ལ་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་གྱི་ལས་
རིམ་བསྒྲུབ་དབང་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན། དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཧྲ་པའེ་ཡིས་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་གྱི་ཁྲིམས་དོན་གྲོས་གཞིའི་བཀའ་རྒྱ་གནང་སྟེ་དབུ་བཞུགས་བློན་ཆེན་ཐི་ལའེ་ཧྲ་•མའེ་ལ་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་གྱི་ལས་རིམ་བསྒྲུབ་རྒྱུའི་དབང་ཆ་བསྩལ་བ་རེད།
           དབྱིན་ཇིའི་གྲོས་ཁང་འོག་མའི་འགོ་གཙོ་ཇོན་•པའོ་ཁེ་ཡིས་ཉིན་དེར་གྲོས་ཚོགས་སུ་གོང་གསལ་བརྡ་སྦྱོར་བསྒྲགས་པ་རེད། འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། དབུ་བཞུགས་བློན་ཆེན་ལ་རྒྱལ་མོ་ཡིས་དབང་ཆ་གནང་རྗེས་འཕྲལ་མར་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་གྱི་ལས་རིམ་བསྒྲུབ་འགོ་ཚུགས་ནས་ཡོ་རོབ་མནའ་འབྲེལ་ཚོགས་པ་དང་གྲོས་མོལ་བྱས་ཆོག་པ་རེད།
          དེ་སྔོན། དབྱིན་ཇིའི་སྨྱན་སྦྱོར་ལས་གནས་འཕྲིན་སྤེལ་བར་གཞིགས་ན། ཐི་ལའེ་ཧྲ་•མའེ་ཡིས་ཟླ་འདིའི་རེ་གཟའ་ཆེས་རྗེས་མ་ནས་བཟུང་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་ལས་རིམ་བསྒྲུབ་འགོ་རྩོམ་རྒྱུ་ཡིན་པ་རེད།
          དབྱིན་ཇིའི་གྲོས་ཚོགས་ཀྱིས་ཟླ་3ཚེས་13ཉིན་འདེམས་ཤོག་འཕངས་ནས་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་གྱི་ཁྲིམས་དོན་གྲོས་གཞིར་ཆོག་མཆན་ཐོབ་ཡོད་པས། དབྱིན་ཇིའི་སྲིད་གཞུང་གིས་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་གྱི་ལས་རིམ་བསྒྲུབ་པར་ཁྲིམས་ལུགས་ཀྱི་ཐོག་ནས་བཀག་རྒྱ་མེད་པར་བཟོས་པ་རེད།
          ཡོ་རོབ་མནའ་འབྲེལ་གྱི་ཁྲིམས་ལུགས་ལྟར་ན། གལ་ཏེ་དབྱིན་ཇིས་《ལི་སི་པིན་ཆིངས་ཡིག་》གི་ཨང་50པ་ལག་བསྟར་བྱས་ན། ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་གྱི་ལས་རིམ་ཀྱང་སྤེལ་འགོ་ཚུགས་ཡོད་ལ། དབྱིན་ཇི་ཡིས་2019ལོའི་ལོ་སྟོད་ལ་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་27ལ་གྲོས་མོལ་བྱས་ཟིན་པ་དགོས་པ་རེད། གལ་ཏེ་གྲོས་མོལ་བྱེད་ཡུན་རིང་དུ་གཏོང་ན། ངེས་པར་དུ་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཚང་མའི་གཅིག་མཚུངས་ཀྱི་མོས་མཐུན་འཐོབ་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།