འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཡུལ་སློབ་གསོའི་གླེང་སྟེགས་སྐབས་བཞི་བ་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ཡུལ་སློབ་གསོའི་གླེང་སྟེགས་སྐབས་བཞི་བ་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། རྔ་བ་རྒྱལ་མཚན་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ཡུལ་སློབ་གསོའི་གླེང་སྟེགས་སྐབས་བཞི་བ་དེ་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོག་འགོ་ཚུགས་པ་རེད།
         རྔ་བ་ཁུལ་རྒྱལ་མཚན་སློབ་གསོ་ཞིབ་འཇུག་ལྟེ་གནས་ནི་རྔ་བ་ཁུལ་གྱི་སློབ་གསོའི་ཆེད་མཁས་པ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་གྱིས་རེ་ཞུ་བྱས་པ་ལྟར། རྔ་བ་ཁུལ་སྲིད་གཞུང་ནས་ཆོག་མཆན་ཐོབ་པའི་བོད་ཡུལ་སློབ་གསོའི་གནད་དོན་ཞིབ་འཇུག་གཙོར་བཟུང་བའི་ཚོགས་པ་ཞིག་ཡིན་ལ། 2013ལོ་ནས་བཟུང་། ཚོགས་འདུ་འདིའི་གཙོ་འགན་བཞེས་མཁན་ཁྲོ་བོ་རྒྱལ་མཚན་གྱིས་བོད་ཡུལ་སློབ་གསོའི་གླེང་སྟེགས་དེ་ལོ་རེར་ཐེངས་རེ་འཚོག་རྒྱུ་གཏན་འཁེལ་བྱས་ཡོད་པ་དང་། ཚོགས་ཐོག་ཏུ་བོད་ལྗོངས་དང་མཚོ་སྔོན། ཀན་ལྷོ། སི་ཁྲོན། ཡུན་ནན་སོགས་ནས་ཕེབས་པའི་རིགས་གཅིག་མཁས་པ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་འབྲེལ་ཡོད་མི་སྣ་སོགས་འདུས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྐད་གཉིས་སློབ་གསོ་དང་། བོད་ཡུལ་གྱི་སློབ་གསོ་རྒྱུན་མཐུད་རང་བཞིན་ངང་གོང་འཕེལ་གཏོང་བ། བོད་ཡུལ་སློབ་གསོ་གཏིང་ཟབ་བསྒྱུར་བཅོས་གཏོང་རྒྱུ་སོགས་སློབ་གསོའི་ཐད་ཐོབ་པའི་གྲུབ་འབྲས་དང་གནད་དོན་ལ་བགྲོ་གླེང་དང་ཉམས་མྱོང་བརྗེ་རེས་བྱས་དང་བྱེད་བཞིན་ཡོད།
         ཐེངས་འདིའི་ཚོགས་འདུ་ནི་ཟླ་11ཚེས་20ཉིན་ནས་ཚེས་22ཉིན་བར་རིང་འཚོག་རྒྱུ་ཡིན་ཞིང་། ཚོགས་ཐོག་ཏུ་གཙོ་བོ་ཕྲུ་གུའི་ལུས་སེམས་གཉིས་ཀྱི་འཚར་ལོངས་དང་བོད་ཡུལ་གྱི་སློབ་ཞུགས་མ་བྱས་གོང་གི་སློབ་གསོའི་གནས་ཚུལ། དེ་བཞིན་སེམས་ཁམས་རིག་པའི་གཞུང་ལུགས་སོགས་ལ་བརྟེན་ནས་བོད་རིགས་ཕྲུ་གུའི་སྐད་ཡིག་སློབ་སྦྱོང་སྐོར་བགྲོ་གླེང་གནང་བཞིན་འདུག  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
    ༄༅།།བོད་ཡུལ་སློབ་གསོའི་གླེང་སྟེགས་སྐབས་བཞི་བ་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།