འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཞང་ཀང་དུ་སྒོར་ཁྲི་2000རི་བའི་གསེར་སྦྲམ་འཕྲོག་བཅོམ་གྱི་གྱོད་དོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན་གྱི་སྔ་དྲོར། ཤང་ཀང་ཧྥེན་ལིན་ཧྲང་ཧྲུའེ་བདེ་འཇགས་སྲང་ལམ་དུ་འཕྲོག་བཅོམ་གྱི་གྱོད་དོན་ཞིག་བྱུང་ཞིང་། གྲི་བཟུང་བའི་མང་པོ་ཞིག་གིས་སྐྱེས་པ་ཞིག་ལ་གང་ཡིན་མི་ཤེས་པའི་གཤེར་ཁུ་ཞིག་གཏོར་རྗེས་ཤང་ཀང་གི་སྒོར་ཁྲི་2000རི་བ་འཕྲོག་བཅོམ་བྱས་པ་རེད།
         ཉིན་དེའི་ཆུ་ཚོད་9པར། དོགས་ཡོད་ཉེས་ཅན་པ་4ཡིས་སྒེར་འཁོར་ཞིག་བཏང་ནས་བཟོ་ལས་ཐོག་ཁང་ཆེ་མོ་ཞིག་གི་མདུན་དུ་སྐྱེས་པ་དེ་ཉིད་ཀྱི་འགྲུལ་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་ཁ་བཀག་པ་དང་། དོགས་ཡོད་ཉེས་ཅན་ཁྲོད་ཀྱི་མི་གསུམ་གྱིས་གྲི་བཟུང་ནས་རླངས་འཁོར་ལས་བབས་རྗེས། གནོད་འཚེ་ཕོག་མཁན་དེའི་ལུས་ལ་གང་ཡིན་མི་ཤེས་པའི་གཤེར་ཁུ་གཏོར་ཞིང་། དེ་ནས་འགྲུལ་ཟོག་སྐྱེལ་འདྲེན་རླངས་འཁོར་ནང་གི་གསེར་སྦྲམ་དེ་ཚོ་བཅོམ། འཕྲོག་བཅོམ་ཐུབ་རྗེས་སྒེར་འཁོར་ནང་བསྡད་དེ་བྲོས། གནོད་འཚེ་ཕོག་མཁན་གྱི་གྱོད་དོན་སྙན་ཞུ་འབྱོར་བ་དང་ཉེན་རྟོག་པས་གྱོད་དོན་བྱུང་ཡུལ་དུ་བསྐྱོད་དེ། ཡུལ་དངོས་ལ་བརྟག་དཔྱད་བྱས་པ་རེད།
          ཆ་རྒྱུས་ལོན་པ་ལྟར་ན། གནོད་འཚེ་ཕོག་མཁན་ཁ་ལོ་བ་སྐྱེས་པ་དེར་དོགས་ཡོད་ཉེས་ཅན་པས་ཕོ་བ་རིལ་བུའི་རླངས་པ་གཏོར་ནས། གསེར་སྦྲམ་60ལྷག་ཙམ་འཕྲོག་བཅོམ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།