འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་ཤོག་སྒོར་དངོས་སུ“དངུལ་ལོར་ལག་གཟེབ་”ནང་བླུགས་པ་དེ་ནི་ཀྲུང་གོ་
    འདི་ཉིད་གོ་ལ་ཧྲིལ་པོའི་དངུལ་རྩའི་མ་ལག་ནང་ཞུགས་པའི་ལམ་ཚད་
    རྡོ་རིང་ཞིག་ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9 ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་མི་དམངས་ཤོག་སྒོར་དངོས་སུ་“དངུལ་ལོར་ལག་གཟེབ་”ནང་བླུགས་པ་དེ་ནི་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་དངུལ་རྩའི་མ་ལག་ནང་ཞུགས་པའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་དེས་SDRརང་ངོས་ཀྱི་མཚོན་བྱེད་རང་བཞིན་དང་ཡིད་དབང་འཕྲོག་ནུས་ཆེ་རུ་འགྲོ་རྒྱུར་རོགས་རམ་ཐུབ་ནས་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་ར་བརྟན་པོ་ཡོང་རྒྱུར་སྐུལ་མ་ཐེབས་རྒྱུ་རེད་ཅེས་བཤད།
         གསར་འགོད་པ་ཞིག་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་གཏན་འབེབས་ལ་གཞིགས་ན། ཟླ་10ཚེས་1ཉིན་ནས་བཟུང་མི་དམངས་ཤོག་སྒོར་དེ་དམིགས་བསལ་དངུལ་ལེན་དབང་ཆ་(SDR)དངུལ་ལོར་ལག་གཟེབ་ནང་དངོས་སུ་འཇུག་རྒྱུ་རེད། ཁྱེད་ཀྱིས་མི་དམངས་ཤོག་སྒོར་“དངུལ་ལོར་ལག་གཟེབ་”ནང་བླུགས་པར་དོན་སྙིང་གང་འདྲ་ལྡན་པའི་ཐད་ངོས་འཛིན་ཇི་ལྟར་བྱེད་དམ། གཞན་ཡང་ཀྲུང་གོས་G20དབུ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་SDRསྤྱོད་ཤུགས་ཆེ་རུ་གཏོང་རྒྱུ་དེ་G20དབུ་ཚོགས་ཀྱི་གྲོས་རིམ་ནང་བཅུག་ཡོད། ཧང་ཀྲོའུ་དབུ་ཚོགས་ཐོག་SDRཡི་འབྲེལ་ཡོད་ངོས་འཛིན་གཅིག་མཐུན་བྱུང་ཡོད། SDRཡི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་མིན་ཐད་ཁྱེད་ཀྱིས་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་དམ་ཞེས་དྲིས།
         ཀེང་ཧྲོང་གིས་མི་དམངས་ཤོག་སྒོར་ཟླ་10ཚེས་1ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་SDRདངུལ་ལོར་ལག་གཟེབ་ནང་དངོས་སུ་འཇུག་རྒྱུ་ཡིན་པ་དེ་ནི་SDRབཙུགས་ཚུན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དངུལ་ལོར་འཇུག་ཐེངས་དང་པོ་ཡིན་པ་དང་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་དངུལ་རྩའི་མ་ལག་ནང་ཞུགས་པའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མཚོན་པ་དང་SDRརང་ངོས་ཀྱི་མཚོན་བྱེད་རང་བཞིན་དང་ཡིད་དབང་འཕྲོག་ནུས་ཆེ་རུ་འགྲོ་རྒྱུར་རོགས་རམ་ཐུབ་ནས་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་ར་བརྟན་པོ་ཡོང་རྒྱུར་སྐུལ་མ་ཐེབས་རྒྱུ་རེད་ཅེས་ལན་བཏབ་པ་རེད།
         ཁོང་གིས་མི་དམངས་ཤོག་སྒོར་འདི་ཉིད་རྒྱལ་སྤྱིའི་གསོག་འཇོག་དངུལ་ལོར་གཙོ་བོར་འགྱུར་བ་དང་སྦྲགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་དངུལ་རྩའི་སྲིད་ཇུས་ལ་དོ་ཁུར་བྱེད་ཚད་དང་ཚོར་སྐྱེན་རང་བཞིན་ཡང་ཆེ་རུ་འགྲོ་རྒྱུ་དང་དོན་དུ་ཀྲུང་གོ་སྲིད་གཞུང་གིས་ཁྲོམ་ར་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་ཐོག་དང་ཡང་དག་པའི་ངང་དངུལ་རྩའི་སྲིད་ཇུས་ཆ་འཕྲིན་བརྒྱུད་སྤྲོད་བྱས་ཐོག་ཁྲོམ་རའི་སྔོན་དཔག་ལ་ཁྲིད་སྟོན་དེ་བས་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བཤད་པ་རེད།
         ཀེང་ཧྲོང་གིས་ལོ་མང་རིང་SDRཡི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་མེད། 2008ལོར་གོ་ལ་ཧྲིལ་པོའི་དངུལ་རྩའི་ཉམས་ཉེན་ཐོན་སྐབས་གཞི་ནས་རྒྱལ་སྤྱིའི་དངུལ་ལོར་མ་ལག་དང་SDRནུས་པར་མི་རྣམས་ཀྱི་དོ་ཁུར་ཐོབ་ཡོད། G20ཧང་ཀྲོའུ་དབུ་ཚོགས་ཐོག་SDRཡི་འབྲེལ་ཡོད་ངོས་འཛིན་གཅིག་མཐུན་དང་དེ་བཞིན་མི་དམངས་ཤོག་སྒོར“དངུལ་ལོར་ལག་གཟེབ་”ནང་བླུགས་པ་དང་སྦྲགས་སླད་ཕྱིན་SDRཡིས་རྒྱལ་སྤྱིའི་དངུལ་ལོར་མ་ལག་ཁྲོད་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རེ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།