འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཚོད་ལྟའི་ཤེལ་སྦུག་ནང་གསོས་པའི་ཕྲུ་གུ་ཐོག་མ་བདེ་བླག་ངང་སྐྱེས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་ཚོད་ལྟའི་ཤེལ་སྦུག་ནང་གསོས་པའི་ཕྲུ་གུ་ཐོག་མ་བདེ་བླག་ངང་སྐྱེས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཀྱི་ཚོད་ལྟའི་ཤེལ་སྦུག་ནང་གསོས་པའི་ཕྲུ་གུ་ཐོག་མ་བོད་ལྗོངས་ཧྥུ་ཁང་བུད་མེད་དང་བྱིས་པའི་སྨན་ཁང་དུ་བདེ་ཐང་ངང་སྐྱེས་པ་དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཚོད་ལྟའི་ཤེལ་སྦུག་ནང་གསོས་པའི་ཕྲུ་གུ་ཐོག་མ་དེ་ཡིན་པ་རེད།
         བོད་ལྗོངས་ཧྥུ་ཁང་བུད་མེད་དང་བྱིས་པའི་སྨན་ཁང་སྐྱེ་འཕེལ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚོད་ལྟའི་ཤེལ་སྦུག་ནང་གསོས་པའི་ཕྲུ་གུ་བདེ་བླག་ངང་སྐྱེས་པའི་དཔེ་མཚོན་དེས་བོད་ཀྱི་གསོ་རིག་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་པ་མ་ཟད། འཛམ་གླིང་ཐོག་གི་ཚོད་ལྟའི་ཤེལ་སྦུག་ནང་གསོས་པའི་ཕྲུ་གུའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ལའང་གྱུར་ཡོད།
         ཕྲུ་གུ་དེར་ལྗིད་ཚད་རྒྱ་མ་5.38ཡོད་པ་དང་ཤ་རྩི་དཀར་ལ་སྐད་གསངས་མཐོ་བ། གཟུགས་པོའི་སྟོན་གྲངས་ཐ་དག་ཚད་ལོན་ཞིང་། ཕྲུ་གུའི་ཨ་མ་ཀྲང་ལགས་ཀྱིས་ཕྲུ་གུ་མཐོང་མ་ཐག་དགའ་ཚོར་ཆེན་པོ་བྱུང་ལ། ཕྲུ་གུ་སྐྱེས་པ་དེས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ལ་རེ་བ་བྱིན་ཡོད་པ་རེད། འདི་ནི་ཀྲུའུ་རེན་ལི་ཅུན་གྱིས་གཏམ་བཟང་ཤོད་པ་དང་འབྲེལ། ཕྲུ་གུའི་ཕ་དང་མཉམ་དུ་གཤགས་བཅོས་ཁང་གི་སྒོ་འགྲམ་དུ་པར་རྒྱག་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།