འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་གནད་དོན་663ཞིབ་
    བཤེར་ཐག་གཅོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་སྒྲིག་ཨུད་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་དང་པོ་ནས་ཟླ་ལྔ་པའི་བར་ཀན་སུའུ་ཞིང་ཆེན་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་663དང་མི་1012ལ་ཞིབ་བཤེར་ཐག་གཅོད་བྱས་པ་ལས་མི་679ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་། མི་67ལ་སྲིད་སྐྱོང་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ། མི་310ལ་རྩ་འཛུགས་ཀྱི་ཆད་པ་བཅད་པ། མི་57ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་པ་རེད།
         རུལ་སུངས་གནད་དོན་དེ་དག་མང་ཆེ་བ་དབུལ་སྐྱོར་ཁྱབ་ཁོངས་སུ་ཐོན་ཡོད་པ་དང་། གནད་དོན་གཙོ་བོ་མ་དངུལ་ཧམ་བཟུང་དང་། དབང་བརྟེན་སྒེར་སྒྲུབ། འགན་འཁྲིའི་སེམས་པ་མ་འདང་བ། ཚུལ་མིན་སྤྱོད་ཚུལ། སྲིད་ཇུས་དང་འགལ་བ་བཅས་ཕྱོགས་ལྔ་ལ་ཐོན་ཡོད། མ་དངུལ་ཧམ་བཟུང་བྱེད་པའི་མཚོན་ཚུལ་གཅོ་བོ་ནི་རྒྱུ་ནོར་ལྐོག་ཟ་དང་བགོ་བཤའ་རྒྱག་པ་དང་། རྫུན་ཞུ་གཡོ་ལེན། དབུལ་སྐྱོར་མ་དངུལ་ཁ་བསླུས་རྒྱག་པ་བཅས་རེད། དབང་བརྟེན་སྒེར་སྒྲུབ་ཀྱི་མཚོན་ཚུལ་གཙོ་བོ་ནི་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་དགའ་ཉེར་སྟབས་བདེ་སྐྲུན་པ་དང་། བཟའ་འཁྱེར་བཀག་གསུམ་བྱེད་པ། སྤྱི་གནོད་སྒེར་ཕན་བྱེད་པ་བཅས་རེད། འགན་འཁྲིའི་སེམས་པ་མ་འདང་བའི་མཚོན་ཚུལ་གཙོ་བོ་ནི་འགན་འཛོལ་ལས་འཛོལ་ཤོར་བ་དང་། འགན་དབང་གང་བྱུང་དུ་སྤྱད་པས་དབུལ་སྐྱོར་སྲིད་ཇུས་དོན་ཐོག་ཏུ་མི་འཁྱོལ་བ་རེད། ཚུལ་མིན་སྤྱོད་ཚུལ་གྱི་མཚོན་ཚུལ་གཙོ་བོ་ནི་རང་འགན་གཞན་དཀྲི་དང་། མང་ཚོགས་ལ་ཁག་པོ་བཟོ་བ། ལྷག་པར་དུ་མང་ཚོགས་ལ་ཐུབ་ཚོད་ཤོད་པ་བཅས་རེད། སྲིད་ཇུས་དང་འགལ་བའི་མཚོན་ཚུལ་གཙོ་བོ་ནི་སྲིད་ཇུས་ལག་བསྟར་ནན་པོ་མེད་པ་དང་། ཚད་ལྡན་མེད་པ། མགོ་བདེ་དྲན་འཕྲུལ་བྱེད་པ་དང་ལྷག་པར་དུ་སྲིད་ཇུས་ལ་གོ་བ་ལོག་སྒྲུབ་དང་གང་བྱུང་དུ་བཟོ་བཅོས་རྒྱག་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།