འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་ལས་བྱེད་པ་ནོར་འཁྲུལ་ཤོར་རུང་འགན་འཁྲི་བདའ་འདེད་མི་བྱེད་པའི་
    གནས་ཚུལ་རིགས་བདུན་གཏན་འཁེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་ཞིང་ཆེན་གྱིས་《ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སྤེལ་གང་ལེགས་བྱས་ཏེ་སྒྱུར་བཅོས་གསར་གཏོད་དང་ལས་སྒྲུབ་ལས་གཏོད་ལ་སྐུལ་ལྕག་གཏོང་རྒྱུའི་སྐོར་གྱི་བསམ་འཆར་(ཚོད་ལྟ་ལག་བསྟར་)》པར་འགྲེམས་བྱས་ཤིང་། 《བསམ་འཆར་》ནང་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་འཕེལ་རིམ་ཁྲོད། སྒྲིག་ཁྲིམས་གཙོ་བོར་འཛིན་དགོས་ལ་སྒྱུར་བཅོས་གསར་གཏོད་པར་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས་ཞེས་བཏོན་པ་དང་འབྲེལ། ལས་བྱེད་པ་ནོར་འཁྲུལ་ཤོར་རུང་འགན་འཁྲི་བདའ་འདེད་མི་བྱེད་པའི་གནས་ཚུལ་རིགས་བདུན་བཏོན་པ་རེད།
         《བསམ་འཆར་》གྱི་གཏན་འབེབས་གཞིར་བཟུང་། ནོར་འཁྲུལ་ཤོར་རུང་འགན་འཁྲི་བདའ་འདེད་མི་བྱེད་པའི་ལམ་སྲོལ་ནོར་འཁྲུལ་འཚོལ་ཞིབ་དང་སྒྲིག་འགལ་བྱེད་སྤྱོད་ལ་མི་འདྲ་བའི་སྒོ་ནས་སྤྱོད་རྒྱུ་ཡིན་ཞིང་། ནོར་འཁྲུལ་ཤོར་རུང་འགན་འཁྲི་བདའ་འདེད་མི་བྱེད་པའི་གནས་ཚུལ་ནང་བཅའ་ཁྲིམས་ཁྲིམས་སྲོལ་ནང་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ནང་བཀག་འགོག་མཐའ་གསལ་བྱས་མེད་པའི་རིགས་དང་། ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་མཐུན་པའི་རིགས། མི་སྒེར་དང་མི་གཞན་ལ་སྒེར་ཕན་དོན་གཉེར་བྱས་མེད་པ་དང་ཚན་པའམ་ཡང་ན་ཚོགས་པ་ཆུང་ཆུང་ལ་འོས་བབ་དང་མི་མཐུན་པའི་ཁེ་ཕན་དོན་གཉེར་བྱས་མེད་པ་སོགས་རིགས་བདུན་ཚུད་ཡོད།
         《བསམ་འཆར་》ནང་ནོར་འཁྲུལ་ཤོར་རུང་འགན་འཁྲི་བདའ་འདེད་མི་བྱེད་པའི་གནས་ཚུལ་གཏན་འཁེལ་བྱེད་རིང་མཉམ་སྡེབ་ཀྱིས་ཞིབ་འཇུག་དང་། མཉམ་སྡེབ་ཀྱིས་ཐབས་ཇུས་འགོད་པ། དངོས་ཡོད་ཀྱི་གཞི་འཛིན་ས་དང་དོན་དངོས་ཀྱི་འདེགས་སྐྱོར་ལ་མཐོང་ཆེན་བཅས་བྱེད་པ་ལས། རང་དགར་ཚིག་ཐག་གཅོད་རྒྱུ་གཏན་འགོག་བྱེད་དགོས། འབྲེལ་ཡོད་ཚན་པའམ་ཡང་ན་མི་སྒེར་ལ་འགན་འཁྲི་རྩད་གཅོད་བྱེད་སྐབས། ནོར་འཁྲུལ་ཤོར་རུང་བའི་ཆ་རྐྱེན་དང་མཐུན་པའི་ངོས་འཛིན་བྱས་ཚེ་ལས་བྱེད་པའི་དོ་དམ་དབང་ཚད་ལ་གཞིགས་ཏེ་འགན་འཁྲི་རྩད་གཅོད་བྱ་ཡུལ་ལས་ཁུངས་ལ་ཡིག་ཐོག་ནས་རེ་ཞུ་བྱ་ཆོག འགན་འཁྲི་བདའ་འདེད་མི་བྱེད་པའི་ཚན་པ་དང་མི་སྒེར་གཏན་འཁེལ་བྱས་རྗེས། གཏན་འབེབས་གཞིར་བཟུང་ཕྱོགས་མང་ཐད་འགན་འཁྲི་རྩད་གཅོད་དང་ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་ཡང་དུ་བཏང་ཆོག་ཅེས་བསྟན་ཡོད།
         《བསམ་འཆར་》ནང་ཁུངས་སྐྱེལ་དག་འབུད་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་སྙོན་འཛུགས་ཞུ་སྦྱོར་དང་ཉེས་མེད་ཉེས་འགེལ་བྱེད་སྤྱོད་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྙོན་འཛུགས་ཞུ་སྦྱོར་དང་ཉེས་མེད་ཉེས་འགེལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དེ་སྒྲིག་ཁྲིམས་ཞིབ་བཤེར་གྱི་ནང་དོན་གལ་ཆེན་དུ་རྩི་དགོས་པའི་བླང་བྱ་བཏོན་ཡོད། དེ་དང་ཆབས་ཅིག་ཐེར་འདོན་གོང་ཞུ་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་སྙོན་འཛུགས་ཞུ་སྦྱོར་དང་ཉེས་མེད་ཉེས་འགེལ་བྱེད་སྤྱོད་དང་ཞུ་སྦྱོར་བྱེད་ནོར་ཤོར་བའི་སྲིད་ཇུས་དབྱེ་མཚམས་ནན་པོ་ཕྱེ་ནས་ཐེར་འདོན་གོང་ཞུ་བྱེད་མཁན་ལ་སྐབས་བསྟུན་རྡུང་རྡེག་དང་འཁོན་ལན་སློག་པའི་སྣང་ཚུལ་མི་ཐོན་པ་བྱེད་དགོས། སྙོན་འཛུགས་ཞུ་སྦྱོར་དང་ཉེས་མེད་ཉེས་འགེལ་བྱེད་མཁན་རྩད་གཅོད་དང་ཐག་གཅོད་བྱེད་དགོས་ཚེ། གྲོང་ཁྱེར་(ཀྲོའུ་)དང་དེ་ཡན་གྱི་ཏང་ཨུད་དམ་ཡང་ན་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པ་བྱེད་དགོས་ཞེས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།