འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྐང་ཐང་ལ་དགའ་བའི་མི་ཆིག་ཁྲིས་ཟླ་བདུན་པར"ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག"ལ་
    བསྐྱོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 08:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། སྐབས་གསུམ་པའི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་རྒྱལ་སྤྱིའི་བྱེས་བགྲོད་རྐང་ཐང་འགྲན་བསྡུར་ཆེན་མོ་ཟླ་7ཚེས་1ནས་ཚེས་10ཉིན་བར་ཞིང་ཆེན་དེའི་ཡུལ་ཤུལ་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་། མཚོ་ལྷོ་ཀྲོའུ་ཁྲི་ཀ་རྫོང་བཅས་ས་ཆ་གསུམ་པོར་སྤེལ་རྒྱུ་ཡིན་ཞིང་། སྐབས་དེ་དུས་རྐང་ཐང་ལ་དགའ་བའི་མི་ཆིག་ཁྲིའི་ནང་ཞུགས་རྒྱུ་ཡིན་པ་རེད།
         “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་ལ་བསྐྱོད་པ”ཞེས་པའི་རྒྱལ་སྤྱིའི་རྐང་ཐང་མའི་བྱེད་སྒོ་དེ་2014ལོར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། རྒྱལ་སྤྱིའི་བྱེས་བགྲོད་རྐང་ཐང་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། ཡུལ་ཤུལ་ཀྲོའུ་མི་དམངས་སྲིད་གཞུང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སྐབས་དེའི་འགྲན་བསྡུར་གྱིས“མཛེས་སྡུག་ལྡན་པའི་མཚོ་སྔོན་ལ་རྐང་ཐང་མར་ལྟ་བར་འགྲོ”ཞེས་བརྗོད་བྱ་གཙོ་བོར་བྱས་ཤིང་། འགྲན་བསྡུར་བྱ་ཡུལ་ས་ཚིགས་གསུམ་ཡོད་པ་སྟེ། ཡུལ་ཤུལ་ས་ཚིགས་ཀྱི་འགྲན་བསྡུར་དེ་ཟླ་7ཚེས་1ནས་ཚེས་4ཉིན་བར་གཉེར་རྒྱུ་ཡིན་པ་དང་། འགྲན་བསྡུར་གྱི་ལམ་ཐིག་ནི་ས་ཡོམ་གྱི་རྗེས་ཤུལ་ནས་ཐོན་ཏེ་གེ་སར་རྒྱལ་པོའི་ཐང་ཆེན་བར་ཡིན་པ་དང་ལམ་ཐག་ཡོངས་ལ་སྤྱི་ལེ་19ཡོད། དགོན་ལུང་ས་ཚིགས་ཀྱི་འགྲན་བསྡུར་ནི་ཟླ་7ཚེས་9ཉིན་གཉེར་རྒྱུ་ཡིན་ཞིང་། འགྲན་བསྡུར་ལམ་ཐིག་ནི་དགོན་ལུང་གི་བྱང་རིའི་ནགས་གླིང་མཛེས་ལྗོངས་ཁུལ་ནས་ཐོན་ཏེ་ལམ་བར་ལང་ཧྲི་ཏང་བརྒྱུད་དེ་ཧུའུ་ལེ་རྦབ་ཆུ་བར་ཡིན་པ་དང་ལམ་ཐག་ཡོངས་ལ་སྤྱི་ལེ་10ཡོད། ཁྲི་ཀའི་ས་ཚིགས་ཀྱི་འགྲན་བསྡུར་དེ་ཟླ་7ཚེས་10ཉིན་སྤེལ་རྒྱུ་ཡིན་ཞིང་། འགྲན་བསྡུར་གྱི་ལམ་ཐིག་ནི་ཧྲུའུ་ཁྲེ་ཐང་ཆེན་ནས་ཐོན་ཏེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་བར་ཡིན་ཞིང་། ལམ་ཚད་ཡོངས་ལ་སྤྱི་ལེ་21ཡོད།
      

    ཕྱོགས་བསྡུས་གསར་འགྱུར།