འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་ཐོག་ནས་གྲོས་མོལ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 08:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་28ཉིན་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཧྥེ་སི་ཁེ་ཧྥུའུ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་ཨུ་རུ་སུ་ཕྱོགས་ཀྱི་གྲོས་འགོའི་འོག་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཐུར་ཁེའི་ཙུང་ཐུང་ཨེའར་ཏུའོ་ཨན་ཚེས་29ཉིན་ཁ་པར་ཐོག་ནས་གྲོས་མོལ་བྱ་རྒྱུ་རེད་ཅེས་བཤད།
         ཧྥེ་སི་ཁེ་ཧྥུའུ་ཡིས་ཐུར་ཁེའི་ཙུང་ཐུང་གིས་དགོངས་དག་ཞུ་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་པར་ད་དུང་ལས་དོན་མང་པོ་ཞིག་སྒྲུབ་དགོས་ཞེས་བཤད།
         ཧྥེ་སི་ཁེ་ཧྥུའུ་ཡིས“ཐུར་ཁེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་པའི་ཐད་ཧ་ཅང་གལ་འགངས་ཆེ་བའི་གོམ་པ་ཞིག་སྤོས་ཡོད། ང་ཚོས་ཀྱང་དུས་མཚུངས་སུ་ཐུར་ཁེ་དང་འབྲེལ་བ་ཟབ་ཏུ་གཏོང་བའི་ཐད་གོམ་པ་ཞིག་སྤོ་དགོས་ངེས་རེད། ངས་ཉིན་འགའི་ནང་ཚང་མ་རྒྱུན་གཏན་ལྟར་སླར་གསོ་ཐུབ་པའི་ངོས་འཛིན་མི་བྱེད་ཀྱང་། དེའི་ཐད་ཀྱི་ལས་དོན་མུ་མཐུད་སྒྲུབ་དགོས”ཞེས་བཤད།
         ཚེས་27ཉིན་ཨུ་རུ་སུ་དང་ཐུར་ཁེའི་གཞུང་ཕྱོགས་ཀྱིས་ཐུར་ཁེའི་ཙུང་ཐུང་ཨེའར་ཏུའོ་ཨན་གྱིས་ཐུར་ཁེས་ན་ནིང་ཟླ་བ་བཅུ་གཅིག་པར་ཨུ་རུ་སུ་ཕྱོགས་ཀྱི་སུའུ—24རྟགས་ཅན་དམག་འཐབ་གནམ་གྲུ་ཞིག་གཏོར་བའི་དོན་རྐྱེན་དེར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་དགོངས་སེལ་ཡི་གེ་ཕུལ་བ་ཁྱབ་བསྒྲགས་བྱས་ཤིང་། ཚེས་27ཉིན་ཨུ་རུ་སུའི་ཙུང་ཐུང་དྲ་ཚིགས་ཀྱིས་བརྡ་ཡིག་ཁྱབ་བསྒྲགས་བྱས་ནས་ཨེའར་ཏུའོ་ཨན་གྱི་དགོངས་སེལ་ཡི་གེའི་ནང་ཨུ་རུ་སུ་ཕྱོགས་དང་མཐུན་སྦྱོར་བྱས་ནས་ཨུ་རུ་སུའི་དམག་འཐབ་གནམ་གྲུ་གཏོར་བའི་དོན་རྐྱེན་ཐག་གཅོད་བྱ་རྒྱུ་མ་ཟད། རྐྱེན་ལམ་དུ་ཤོར་བའི་གནམ་གྲུ་གཏོང་མཁན་གྱི་ནང་མིར་གདུང་སེམས་མཉམ་སྐྱེ་དང་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།
         2015ལོའི་ཟླ་11ཚེས་24ཉིན་ཐུར་ཁེས་ཐུར་ཁེ་དང་སི་རི་ཡའི་མཐའ་མཚམས་ས་ཁུལ་དུ་ཨུ་རུ་སུའི་སུའུ—24རྟགས་ཅན་གྱི་དམག་འཐབ་གནམ་གྲུ་གཅིག་གཏོར་བར་བརྟེན་གནམ་གྲུ་གཏོང་མཁན་ཤི་བའི་གནས་ཚུལ་ཐོན་ཡོད། ཐུར་ཁེ་ཕྱོགས་ཀྱིས་དམག་འཐབ་གནམ་གྲུས་ཁྲིམས་འགལ་ངང་མངའ་ཁོངས་བར་སྣང་དུ་བཙན་འཛུལ་བྱས་ཡོད་ཅེས་བཤད། ཨུ་རུ་སུ་ཕྱོགས་ཀྱིས་དམག་འཐབ་གནམ་གྲུས་ཐུར་ཁེའི་མངའ་ཁོངས་བར་སྣང་དུ་བཙན་འཛུལ་བྱས་མེད་ཅེས་བཤད་པ་དང་འབྲེལ་ཐུར་ཁེར་བཀག་སྡོམ་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པར་བརྟེན་ཨུ་རུ་སུ་དང་ཐུར་ཁེའི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཐུར་ཁེའི་གཞུང་ཕྱོགས་ཀྱིས་ངེས་པར་དུ་གནད་དོན་དེར་དགོངས་དག་ཞུ་དགོས་པ་མ་ཟད། རྐྱེན་ལམ་དུ་ཤོར་བའི་གནམ་གྲུ་གཏོང་མཁན་གྱི་ནང་མིར་སྐྱིན་ཚབ་འཇལ་དགོས། དེ་ནི་འབྲེལ་བ་ལེགས་སུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞེས་ཐེངས་མང་བཤད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།