འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”གིས་ཀྲུང་གོ་འཛུགས་སྐྲུན་རྒྱལ་སྤྱི་ཅན་ལ་འཕེལ་རྒྱས་གཏོང་རྒྱུར་
    གོ་སྐབས་གསར་པ་སྤྲད་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཕིང་གིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཀྲུང་གོ་འཛུགས་སྐྲུན་ལས་གྲྭ་སྤྱི་ཁྱབ་ཀུང་སིའི(གཤམ་དུ་ཀྲུང་གོ་འཛུགས་སྐྲུན་ཞེས་བསྡུ་རྒྱུ)ཏུང་ཧྲི་ཀྲང་ཀོན་ཆིང་གིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སྔར་ཡོད་ཀྱི་ཕྱི་རྒྱལ་ཁྲོམ་རའི་བཀོད་སྒྲིག་གི་རྨང་གཞིའི་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཀྲུང་གོ་འཛུགས་སྐྲུན་གྱིས་ཕྱི་རྒྱལ་དུ་ལས་སྒོ་རྒྱ་སྐྱེད་གཏོང་རྒྱུར་ཁྲོམ་རའི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད།
         “རྒྱུད་གཅིག་ལམ་གཅིག”ནི་ཀྲུང་གོ་འཛུགས་སྐྲུན“ཕྱིར་སྐྱོད་པའི”ལོ་བཅུ་གྲངས་རིང་གི་རེ་སྒུག་ཞིག་ཡིན་མོད། འོན་ཀྱང་དེ་སྔོན་རྩ་བ་ནས་མེད་པའི་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་དེས། ཀུང་སིར་དེ་བས་གསལ་བའི་ཕྱི་རྒྱལ་དུ་འཕེལ་རྒྱས་གཏོང་བའི་འཆར་གཞི་བཟོས་པ་ནི་ཀུང་སིས་ཕྱི་རྒྱལ་དུ་ལས་སྒོ་རྒྱ་སྐྱེད་གཏོང་བའི་བཀོད་འདོམས་ཡོ་ཆས་ལྟ་བུ་ཞིག་ཡིན་ཞེས་ཀོན་ཆིང་གིས་བརྗོད་པ་དང་ཡང་ཁོང་གིས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་དང་དར་གོས་ལམ་བུའི་ཐེབས་རྩ་སོགས་ཀྱིས་ཀྱང་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ལས་སྒོ་རྒྱ་སྐྱེད་གཏོང་རྒྱུར་མ་དངུལ་དང་སྲིད་ཇུས་འགན་ལེན་བྱས་ལུགས་བརྗོད་ཡོད།
         2013ལོར“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དངོས་སུ་བཏོན་ཚུན་ཀྲུང་གོ་འཛུགས་སྐྲུན་གྱིས་ཀུང་སིའི་འཐབ་ཇུས་དང་ཟུང་འབྲེལ་བྱས་ནས་ཕྱི་རྒྱལ་གྱི་བྱ་གཞག་པུའུ་གཞི་རྟེན་དུ་བྱས་ཏེ་ཕྱི་རྒྱལ་དུ་བྱ་གཞག་ཆེན་པོ་གཏོད་པའི་ལས་སྟེགས་བསྐྲུན་རྒྱུར་རྒྱུན་མཐུད་ངང་སྐུལ་མ་བཏང་ནས་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་སྐྱེད་དང་དོ་དམ་དང་ཉེན་ཁ་དོ་དམ་ཚོད་འཛིན་ཐད་ཕྱོགས་ཡོངས་ནས་བསྡུ་སྒྲིལ་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཀྲུང་གོ་འཛུགས་སྐྲུན་གྱིས་གཉེར་སྐྱོང་ལྟེ་གནས་9དང་རྒྱལ་ཁབ་ཚོགས་ཆུང་30བཙུགས་ནས་ཨ་ཧྥེ་རི་ཀ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་དེའི་ཉེ་འགྲམ། ཨེ་ཤེ་ཡ་དབུས་མ། ཡོ་རོབ་དབུས་ཤར། ལ་ཏིང་ཨ་གླིང་བཅས་ས་ཁུལ་གྱི་གཙོ་གནད་དང་ཀུན་གྱིས་དོ་སྣང་བྱེད་པའི་རྒྱལ་ཁབ་ཀྱི་ཁྲོམ་རར་ཁྱབ་པའི་གཉེར་སྐྱོང་དྲ་བ་རགས་ཙམ་ཆགས་པ་བྱས་ཏེ་ཀྲུང་གོའི་མ་དངུལ་ཕྱི་རྒྱལ་དུ་བཏང་བའི་རྣམ་གྲངས་ཀྱི་ཆ་འཕྲིན་འཚོལ་བསྡུ་དང་ཁྲོམ་རའི་གནས་ཚུལ་མགྱོགས་མྱུར་ཤེས་རྟོགས་ཐུབ་པའི་ལམ་སྲོལ་བཙུགས་ཡོད།
         ཀྲུང་གོ་འཛུགས་སྐྲུན་ལ“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྣམ་གྲངས་ལ་སྐུལ་མ་གཏོང་བའི་བརྒྱུད་རིམ་ཁྲོད་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། 2016ལོའི་ཟླ་1ཚེས་21ཉིན་ཀྲུང་གོ་འཛུགས་སྐྲུན་གྱིས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་གཙོ་་འཛིན་གྱི་ཐུན་མོང་དཔང་པོའི་འོག་ཨེ་ཅིབ་ཀྱི་རྒྱལ་ས་གསར་པ་འཛུགས་རྒྱུའི་རྣམ་གྲངས་ཀྱི་སྤྱིའི་འགན་གཙང་གི་གན་རྒྱ་མང་པོར་མིང་རྟགས་དངོས་སུ་བཀོད་པ་དང་གན་རྒྱའི་དངུལ་འབོར་ཨ་སྒོར་དུང་ཕྱུར་27ཟིན་ཡོད། ཕ་ཁི་སི་ཐན་གྱི་པེ་ཧྲ་ཝ་ནས་ཁ་ལ་ཆི་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་དེ་2016ལོའི་ཟླ་5ཚེས་6ཉིན་དངོས་སུ་ལས་འགོ་ཚུགས་པ་དང་གན་རྒྱའི་དངུལ་འབོར་ལུའུ་པི་དུང་ཕྱུར་2943(ཨ་སྒོར་དུང་ཕྱུར་28.9དང་མཚུངས)ཟིན་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དངོས་སུ་བཙུགས་པའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཆེ་ཤོས་དེར་གྱུར་ཡོད།
          2015ལོར་ཀྲུང་གོ་འཛུགས་སྐྲུན་གྱིས་ཕྱི་རྒྱལ་དུ་གསར་དུ་གན་རྒྱ་བཞག་པ་ཨ་སྒོར་དུང་ཕྱུར་174དང་གཉེར་སྐྱོང་དངུལ་འབོར་ཨ་སྒོར་དུང་ཕྱུར་88ཟིན་པ་ཚང་མ་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀུང་སིས་གསར་དུ་གན་རྒྱ་བཞག་པའི་དངུལ་འབོར་དང་གཉེར་སྐྱོང་ཡོང་འབབ་ལོར་མཉམ་འདུས་འཕར་ཚད་22%དང་15%སོ་སོར་ཟིན་པ་དང་ཁེ་སྤོགས་བསྡོམས་འབོར་ལོར་མཉམ་འདུས་འཕར་ཚད་38%ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།