འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སིང་ཀ་ཕོར་གྱིས་མི་དམངས་ཤོག་སྒོར་ལ་ཡིད་ཆེས་ཆེ་ཤོས་ཀྱི་སྤ་སེ་འཕངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སིང་ཀ་ཕོར་གྱི་དངུལ་རྩ་དོ་དམ་ཅུས་(ཀྲུང་དབྱང་དངུལ་ཁང)ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པར། འདི་ལོའི་ཟླ་དྲུག་པ་ནས་བཟུང་མི་དམངས་ཤོག་སྒོར་གྱི་དངུལ་རྩའི་མ་འཇོག་སིང་ཀ་ཕོར་གཞུང་ཕྱོགས་ཀྱི་ཕྱི་དངུལ་གསོག་འཇོག་ནང་འཇུག་རྒྱུ་རེད། དངུལ་རྩ་དོ་དམ་ཅུས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ལས་བྱེད་ཐབས་དེ་ནི་ཀྲུང་གོའི་དངུལ་རྩའི་ཁྲོམ་ར་བརྟན་པོའི་ངང་འཕེལ་རྒྱས་དང་རང་མོས་ཅན་གྱི་བརྒྱུད་རིམ་ལ་ཁས་ལེན་བྱས་པ་ཞིག་ཡིན་ལ་སྒྲིག་གཞིའི་མ་འཇོག་མཁན་གྱིས་དེའི་གོ་ལ་ཧྲིལ་པོའི་མ་འཇོག་མཉམ་སྒྲིག་ཁྲོད་མི་དམངས་ཤོག་སྒོར་གྱི་མ་རྩ་དང་ལེན་བྱེད་ཚད་ཉིན་བཞིན་ཆེ་རུ་འགྲོ་བ་མཚོན་ཡོད།
         སིང་ཀ་ཕོར་དངུལ་རྩ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའོ་ཧུའེ་ཡན་གྱིས་མི་དམངས་ཤོག་སྒོར་གྱི་དངུལ་རྩའི་མ་འཇོག་སིང་ཀ་ཕོར་གྱི་གཞུང་ཕྱོགས་ཕྱི་དངུལ་གསོག་འཇོག་ནང་འཇུག་རྒྱུ་དེ་ནི་ཧ་ཅང་དུས་ཐོག་གི་བྱེད་ཐབས་ཤིག་ཡིན་ལ་ཀྲུང་གོས་འདས་ཟིན་པའི་ལོ་གཅིག་ནང་དངུལ་རྩ་རང་མོས་ཅན་གྱི་སྒྱུར་བཅོས་གོ་རིམ་ལྡན་པའི་ངང་ཁྱབ་གདལ་བཏང་ནས་མི་དམངས་ཤོག་སྒོར་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་ཚད་ཆེས་ཆེར་ཕྱིན་ཡོད། ཁོང་གིས་ན་ནིང་ཟླ་11པར་ཁྱབ་བསྒྲགས་བྱས་པའི་ཀྲུང་གོ་དང་སིང་ཀ་ཕོར་དབར་གྱི་གྲོས་གཞི་རབ་དང་རིམ་པ་དཔེར་བཀོད་ནས་བརྗོད་པ་དེས་མི་དམངས་ཤོག་སྒོར་རྒྱལ་མཚམས་སྒྲོལ་ནས་འགྲོ་རྒྱུག་བྱེད་པའི་ཐབས་ལམ་སྔར་བས་རྒྱ་ཆེར་ཕྱིན་ཏེ་མི་དམངས་ཤོག་སྒོར་རྒྱལ་ཁོངས་ཕྱིར་སྤྱོད་རྒྱ་དེ་བས་ཆེ་རུ་འགྲོ་རྒྱུར་རྒྱབ་སྐྱོར་ཐུབ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།