འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་ཁག་ཐོག་མ་ཀྲུང་གོ་དང་རྒྱ་གར་མཐའ་
    མཚམས་རྣ་ཐོས་ལ་འགག་སྒོ་བརྒྱུད་ནས་བོད་ལྗོངས་སུ་གནས་མཇལ་དུ་ཡོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་22ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འདི་ལོའི་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་ཁག་ཐོག་མ་ཀྲུང་གོ་དང་རྒྱ་གར་མཐའ་
མཚམས་རྣ་ཐོས་ལ་འགག་སྒོ་བརྒྱུད་ནས་བོད་ལྗོངས་སུ་གནས་མཇལ་དུ་ཡོང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་གྱི་སྔ་དྲོར་འདི་ལོའི་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་ཁག་ཐོག་མ་མི་གྲངས་42ཀྲུང་་གོ་དང་རྒྱ་གར་གྱི་མཐའ་མཚམས་སྣ་ཐོས་ལ་འགག་སྒོ་རུ་འབྱོར་བ་དང་། ཁོང་ཚོ་གནས་དེ་བརྒྱུད་ནས་བོད་ལྗོངས་ཀྱི་མངའ་རིས་ས་ཁུལ་གྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་ཕྱོགས་སུ་བསྐྱོད་དེ་དུས་ཡུན་ཉིན་12རིང་གི་གནས་མཇལ་བྱེད་པར་བསྐྱོད་རྒྱུ་རེད། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ནི་ནང་བསྟན་ཆོས་ལུགས་དང་རྒྱ་གར་ཆོས་ལུགས་གཉིས་ཀྱིས་མཉམ་དུ་བཀུར་བའི"གནས་རི་ལྷ་མཚོ"རེད།
         2015ལོའི་ཟླ་6ཚེས་22ཉིན་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ཆོས་ལུགས་རིག་གནས་སྤེལ་རེས་ལ་སྐུལ་སྤེལ་སྔར་བས་ལྷག་པར་གཏོང་བ་དང་རྒྱ་གར་གྱི་གནས་མཇལ་བ་ཚོར་སྟབས་བདེ་བསྐྲུན་ཆེད་རྒྱ་གར་ཕྱོགས་ཀྱི་རེ་ཞུ་ལྟར་ཀྲུང་གོ་ཕྱོགས་ཀྱིས་སྣ་ཐོས་ལ་འགག་སྒོ་བརྒྱུད་པའི་གནས་མཇལ་བརྒྱུད་ལམ་འཕར་མ་ཕྱེ་བ་རེད། ངོ་སྤྲོད་བྱས་པ་ལྟར་ན། ལོ་སྔོན་མར་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་ཁག་5ཡི་མི་གྲངས་240སྣ་ཐོས་ལ་འགག་སྒོ་བརྒྱུད་དེ་བོད་ལྗོངས་སུ་གནས་མཇལ་དུ་ཡོང་བ་རེད།
    ༄༅།།འདི་ལོའི་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་ཁག་ཐོག་མ་ཀྲུང་གོ་དང་རྒྱ་གར་མཐའ་
མཚམས་རྣ་ཐོས་ལ་འགག་སྒོ་བརྒྱུད་ནས་བོད་ལྗོངས་སུ་གནས་མཇལ་དུ་ཡོང་བ།
    ༄༅།།འདི་ལོའི་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་ཁག་ཐོག་མ་ཀྲུང་གོ་དང་རྒྱ་གར་མཐའ་
མཚམས་རྣ་ཐོས་ལ་འགག་སྒོ་བརྒྱུད་ནས་བོད་ལྗོངས་སུ་གནས་མཇལ་དུ་ཡོང་བ།
      

    ཕྱོགས་བསྡུས་གསར་འགྱུར།