འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།“ཧྲང་ཧའེ་གྲོང་ཁྱེར་གྱིས་ཤར་ནས་ཉི་མ་ཤར་ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་
    ནས་ལོ་95འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་21ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།“ཧྲང་ཧའེ་གྲོང་ཁྱེར་གྱིས་ཤར་ནས་ཉི་མ་ཤར་ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་
ནས་ལོ་95འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”བྱས་པ།
         མི་དམངས་དྲ་བའི་འཕྲིན། ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་འགྲེམས་སྟོན་ནི་ཧྲང་ཧའེ་ཡིས་ཏང་དབུ་བརྙེས་ནས་ལོ་95འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ཧྲང་ཧའེ་ཡི་ལོ་རྒྱུས་དང་དེ་བཞིན་ཏང་གི་འགོ་ཁྲིད་འོག་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་དུས་མཚམས་ཁག་གི་ཧྲང་ཧའེ་ཡི་འཕེལ་རྒྱས་དང་གྲུབ་འབྲས་མངོན་པའི་ཁར། ཧྲང་ཧའེ་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་འབྱུང་གནས་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཡུལ། ཀྲུང་གོའི་གསར་བརྗེའི་གནས་མཆོག ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་གྱི་གསར་གཏོད་གལ་ཆེན་མང་པོ་ཐོན་ས། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གཡུལ་ས་མདུན་མ་བཅས་ཡིན་པ་གཙོ་གནད་ཐོག་མཚོན་པར་བྱས་ཡོད། འགྲེམས་སྟོན་བྱ་ཡུལ་ལ་སྨི་ངོས་གྲུ་2500ཡོད་པ་དག་ཁག་བདུན་ལ་དབྱེ་ནས་ཧྲང་ཧའེ་ཡི་འཕེལ་རྒྱས་ཀྱི་དུས་མཚམས་སོ་སོར་བྱུང་བའི་དངོས་རྫས་དང་། པར་རིས། བརྙན་ཕབ་བཅས་བསྡོམས་500ལྷག་ཙམ་འགྲེམས་སྟོན་བྱས་ཤིང་། འདི་ནི་ཟླ་6ཚེས་19ཉིན་ལྟད་མོ་བས་ཧྲང་ཧའེ་གྲོང་ཁྱེར་གྱི་ཤར་ནས་ཉི་མ་ཤར་ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།