འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་བཙོག་ཆུ་གཙང་སིང་གི་གྲོན་བསྡུའི་ཚད་གཞི་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་21ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་ཟོག་གོང་ཅུས་ཀྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“སུས་བཙོག་པ་བཟོས་ན་དེས་དངུལ་སྤྲོད་དགོས་པའི”རྩ་དོན་ལ་གཞིགས་ནས། ལྷ་ས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སིང་གི་གྲོན་བསྡུའི་ཚད་གཞི་གཏན་འཁེལ་བྱས་པ་སྟེ། གྲོང་མིར་ཏུན་རེ་ནས་རིན་གོང་སྒོར་0.8བསྡུ་རྒྱུ་དང་། གྲོང་མི་མིན་པར་ཏུན་རེ་ནས་སྒོར་1.1བསྡུ་རྒྱུ། དམིགས་བསལ་ལས་རིགས་ལ་ཏུན་རེ་ནས་རིན་གོང་སྒོར་1.7བསྡུ་རྒྱུ་བཅས་རེད།
         ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་བཀོད་པ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་བཙོག་ཆུ་གཙང་སིང་གི་གྲོན་དངུལ་བསྡུ་འགོ་བཙུགས་པ་དེས་ཁེ་ལས་ཀྱི་ཚོང་གཉེར་གནོན་ཤུགས་ཆུང་དུ་འགྲོ་རྒྱུར་ཕན་པ་ཡོད་པ་དང་གྲོང་ཁྱེར་ཡོངས་ལ་དེ་བས་ཡག་པའི་བཙོག་ཆུ་གཙང་སིང་གི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ་དང་། དུས་མཚུངས་བྱེད་ཐབས་དེས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སིང་བྱེད་ཚད་ཆེ་རུ་ཕྱིན་ནས་བསྐྱར་སྐྱེའི་ཆུ་སྤྱོད་ཚད་ཆེ་རུ་ཕྱིན་པ་དང་། བཙོག་ཆུ་དང་འདམ་རྫབ་གཙང་སིང་དང་བཅོས་སྐྱོང་བྱེད་མགྱོགས་སུ་ཕྱིན་ནས་གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་ཕྱིན་ཏེ་གྲོང་ཁྱེར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བཤད།
         ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་ཁྱིམ་ཚང་གི་ཆུ་སྤྱོད་ཚུལ་ལ་དབྱེ་ཞིབ་བྱས་པར་གཞིགས་ན། གྲོང་མི་ཁྱིམ་ཚང་80%ཡི་ལོ་གཅིག་ལ་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་240ནང་ཚུན་ཟིན་ནས་གྲོན་བསྡུའི་ཚད་གཞིར་གཞིགས་ཏེ་གཏན་འཁེལ་བྱས་ཚེ་དུད་ཚང་དེ་དག་གི་བཙོག་ཆུ་གཙང་སིང་འགྲོ་གྲོན་སྒོར་192སྤྲོད་དགོས་ཀྱི་ཡོད་པ་དང་། གྲོང་མི་ཁྱིམ་ཚང་15%ཡི་ལོ་གཅིག་ལ་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་240ནས་300བར་ཟིན་པ་དེས་དུད་ཚང་དེ་དག་གི་ལོའི་ཆ་སྙོམས་འགྲོ་སོང་འཕར་མ་སྒོར་240ལས་འགལ་གྱི་མེད། གྲོང་མི་ཁྱིམ་ཚང་5%ཡི་ཆུ་སྤྱོད་ཚད་ཅུང་ཆེ་བར་ལོར་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི་300ཟིན་པ་དེས་དུད་ཚང་དེ་དག་གི་ལོར་བཙོག་ཆུ་གཙང་སིང་གི་འགྲོ་སོང་སྒོར་240ཡན་སྤྲོད་དགོས་ཀྱི་ཡོད་པ་བཅས་ཡིན། གཞན་ཡང་། ལྷ་ས་གྲོང་ཁྱེར་གྱིས་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་གཟིགས་སྐྱོང་བྱེད་པའམ་ཡང་ན་བཙོག་ཆུ་གཙང་སིང་གི་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་བསམ་འཆར་ལག་བསྟར་བྱས་ནས་ཁོང་ཚོའི་གཞི་རྩའི་འཚོ་བའི་ཆུ་ཚད་བཙོག་ཆུ་གཙང་སིང་གི་གྲོན་དངུལ་བསྡུ་བ་ལས་དམའ་རུ་མི་འགྲོ་བའི་འགན་ལེན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།