འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།"སྐྱེད་མའི་སྦྲག་ཐོག་བསྐུར་མ"ཡིས་མཚོ་སྔོན་ཞིང་ཆེན་གྱི་འཚོ་བར་དཀའ་ངལ་ཡོད་
    པའི་སྐྱེད་མ་ཁྲི་4ལྷག་ཙམ་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་21ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་། ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཧྭ་རུན་དབན་ཅ་ཚད་ཡོད་ཀུང་སི་དང་པའོ་ཅེ་ཀུང་སི་དང་མཉམ་འབྲེལ་ཐོག་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་བཀའ་མ་ལོག་དང་། བ་ཡན། ཡ་རྫི་སོགས་ཆུས་དང་རྫོང་6གི་འཚོ་བར་དཀའ་ངལ་ཡོད་པའི་སྐྱེད་མ་6000ལྷག་ཙམ་ལ“སྐྱེད་མའི་སྦྲག་ཐོག་བསྐུར་མ”སྤྲད་ཡོད། རིམ་རྩིས་བྱས་ན་མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱིས་སྒོར་ཁྲི་430ལྷག་ཙམ་རི་བའི“སྐྱེད་མའི་སྦྲག་ཐོག་བསྐུར་མ”སྤྲད་པས་འཚོ་བར་དཀའ་ངལ་ཡོད་པའི་སྐྱེད་མ་ཁྲི་4ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། “སྐྱེད་མའི་སྦྲག་ཐོག་བསྐུར་མ”ཡི་སྤྱི་ཕན་རྣམ་གྲངས་ནི་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས“མ་ཡུམ་ཁྲོན་པ”དང་། “སྐྱེད་མའི་བདེ་ཐང་མྱུར་འཁོར” “སྐྱེད་མའི་འབོར་ཉུང་འཁོར་རྒྱུག་མ་དངུལ”སོགས་སྐྱེད་མའི་སྤུས་རྟགས་ཀྱི་སྤྱི་ཕན་རྣམ་གྲངས་རབ་དང་རིམ་པ་མཚོ་སྔོན་དུ་ལག་ལེན་བསྟར་རྗེས་ཀྱི་སྤྱི་ཕན་རྣམ་གྲངས་ཆེ་གྲས་གཞན་ཞིག་ཀྱང་རེད། རྣམ་གྲངས་དེ་2012ལོར་དངོས་སུ་ལག་བསྟར་བྱས་པ་དང“གཅིག་གཏད་གཅིག”གི་རོགས་སྐྱོར་བྱེད་སྟངས་བརྒྱུད་རྒྱུན་སྤྱོད་འཚོ་བའི་མཁོ་ཆས་ཚུད་པའི“སྐྱེད་མའི་སྦྲག་ཐོག་བསྐུར་མ”འཚོ་བར་དཀའ་ངལ་ཡོད་པའི་སྐྱེད་མར་སྤྲད་ཡོད། རྣམ་གྲངས་དེར་འཚོ་བར་དཀའ་ངལ་ཡོད་པའི་བུད་མེད་ཀྱི་དགའ་བསུ་ཐོབ་པ་མ་ཟད། ད་དུང་སྤྱི་ཚོགས་ཐོག་བསྔགས་བརྗོད་དང་གདེང་འཇོག་བཟང་པོ་ཡང་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།