འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱ་མི་རུ་ཁག་གིས་NBAསྤྱིའི་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་དང་ཅན་མུའུ་
    སི་ལ་FMVPབྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    སྐྱ་མི་རུ་ཁག་གི་རུ་མི་ལེ་པུའུ་ལང་•ཅན་མུའུ་སི་ཡིས་ལག་གཉིས་སུ་NBAསྤྱིའི་འགྲན་བསྡུར་གྱི་ཨང་དང་པོའི་གཟེངས་རྟགས་དང་རིན་ཐང་ཆེ་ཤོས་ཀྱི་ལུས་རྩལ་པའི་གཟེངས་རྟགས་གཉིས་བཟུང་ཡོད་པ།
    སྐྱ་མི་རུ་ཁག་གི་རུ་མི་ལེ་པུའུ་ལང་•ཅན་མུའུ་སི་ཡིས་ལག་གཉིས་སུ་NBAསྤྱིའི་འགྲན་བསྡུར་གྱི་ཨང་དང་པོའི་གཟེངས་རྟགས་དང་རིན་ཐང་ཆེ་ཤོས་ཀྱི་ལུས་རྩལ་པའི་གཟེངས་རྟགས་གཉིས་བཟུང་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན། NBAསྤྱིའི་འགྲན་བསྡུར་འགྲན་ཐེངས་བདུན་པའི་འགྲན་བསྡུར་ནང་ཁེ་ལི་ཧྥུ་ལན་སྐྱ་མི་རུ་ཁག་གིས་ཅིན་ཀྲོའུ་དཔའ་རྟུལ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་སྐྱ་མི་རུ་ཁག་གི་ལོ་རྒྱུས་ཐོག་གི་NBAསྤྱིའི་འགྲན་བསྡུར་གྱི་ཨང་དང་པོ་ཐོག་མ་བླངས་པ་རེད།
          འདི་ལོའི་NBAསྤྱིའི་འགྲན་བསྡུར་གྱི་འགྲན་ཐེངས་སྔོན་མ་དྲུག་པོ་ནི་སྐར་གྲངས་ཧེ་བག་ཆེན་པོའི་ཐོག་ནས་རྒྱལ་ཕམ་གྱི་ཐག་ཆོད་ཀྱང་། གོ་རིམ་ནི་དཀའ་ཚེགས་ཧ་ཅང་ཆེ་བ་ཡིན་ཞིང་། ཅིན་ཀྲོའུ་དཔའ་རྟུལ་རུ་ཁག་གིས་སྔོན་ལ་སྐར་འབྲས་3-1གི་ཐོག་ནས་གདོང་ལེན་བྱས་ཡོད་རུང་། སྐྱ་མི་རུ་ཁག་གིས་ཞུམ་པ་མེད་པར་འབད་བརྩོན་བྱས་མཐར། སྐར་འབྲས་འདྲ་མཉམ་བཟོས་པ་མ་ཟད། འགྲན་ཐེངས་བདུན་པའི་ནང་དཔའ་རྟུལ་རུ་ཁག་ལས་རྣམ་པར་རྒྱལ་བ་རེད།
          ཅན་མུའུ་སི་ཡིས་ཐེངས་འདིའི་འགྲན་བསྡུར་ནང་སྐར་གྲངས་27བླངས་པ་དང་། གྲུག་པང་སྤོ་ལོ་ཐེངས་11བླངས་པ། རྒོལ་རོགས་ཐེངས་11བྱས་ནས་བཅུ་གནས་གྲངས་གསུམ་བླངས་པ་རེད། རུ་གྲོགས་ཨོའུ་ཝུན་གྱིས་ཐེངས་འདིའི་འགྲན་བསྡུར་ནང་སྐར་གྲངས་26བླངས་པ་མ་ཟད། འགྲན་བསྡུར་གྱི་མཐའ་མཇུག་ཏུ་གནད་འགག་ཆེ་བའི་སྐར་གསུམ་ཅན་གྱི་སྤོ་ལོ་གཅིག་བླུགས་པ་རེད།
         ཐེངས་འདིའི་འགྲན་བསྡུར་ནང་ཕྱོགས་གཉིས་ཀས་འགྲན་བསྡུར་གྱི་མགོ་ནས་མཇུག་བར་དུ་འབད་བརྩོན་ཆེན་པོ་བྱས་ཡོད་ཅིང་། མཐའ་མཇུག་ཏུ་ཆུ་ཚོད་སྐར་མ་1ལས་ལྷག་མེད་པའི་དུས་སུ་ཕྱོགས་གཉིས་ཀྱི་སྐར་འབྲས་ནི་89-89འདྲ་མཚུངས་བྱུང་བ་རེད། མཐའ་མཇུག་སྐར་ཆ་53ལས་མེད་པའི་སྐབས་སུ་སྐྱ་མི་རུ་ཁག་གི་རུ་མི་ཨོའུ་ཝུན་གྱིས་སྐར་མ་གསུམ་ཅན་གྱི་སྤོ་ལོ་གཅིག་བླུགས་པས། འགྲན་བསྡུར་གྱི་རྒྱལ་ཕམ་ཧ་ལམ་ཐག་བཅད་པ་རེད། དཔའ་རྟུལ་རུ་ཁག་གི་ཁུ་ལི་ཡིས་སྐར་མ་གསུམ་ཅན་གྱི་སྤོ་ལོ་ཐེངས་གཉིས་འཕངས་ནས་རྒྱལ་ཁ་འཐོབ་ཐབས་བྱས་ཀྱང་སྤོ་ལོ་དེ་གཉིས་འཛུལ་མེད་པས། མཐའ་མཇུག་ཏུ་སྐྱ་མི་རུ་ཁག་གིས་སྐར་འབྲས་93-89ཡི་ཐོག་ནས་ཅིན་ཀྲོའུ་དཔའ་རྟུལ་ལས་རྣམ་པར་རྒྱལ་ཏེ་NBAསྤྱིའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】
    སྐྱ་མི་རུ་ཁག་གི་རུ་མི་ཚོས་གཟེངས་རྟགས་སྩོལ་བའི་མཛད་སྒོར་མཉམ་པར་བླངས་པ།
    སྐྱ་མི་རུ་ཁག་གི་རུ་མི་ཚོས་གཟེངས་རྟགས་སྩོལ་བའི་མཛད་སྒོར་མཉམ་པར་བླངས་པ།
      

    ཕྱོགས་བསྡུས་གསར་འགྱུར།